情的点缀

歌手: 索南曲珍 南措 • 专辑:情的点缀 • 发布时间:2021-01-01
作词 : 色须·热萨
 作曲 : 罗塞
 编曲 : 热彬
录音:桑杰
后期:仁青东智
索南曲珍:
ང་ཡི་སྙིང་གཏམ་པི་ཝང་སྙན་མོ་ཡིན།
ཁྱེད་ཀྱིས་ཉན་ན་འདོད་པའི་སྐད་དེ་ཡིན།
ཚིག་དང་དབྱངས་ལ་འགྱུར་བ་མ་བཏང་བར།
བརྩེ་བའི་གཞས་འདི་ཁྱེད་ལ་ལེན་བཞིན་ཡོད།
ཚིག་དང་དབྱངས་ལ་འགྱུར་བ་མ་བཏང་བར།
བརྩེ་བའི་གཞས་འདི་ཁྱེད་ལ་ལེན་བཞིན་ཡོད།
南措:
བདག་གི་སེམས་འདི་ཀ་ཁའི་དབྱངས་རྟ་ཡིན།
ཁྱེད་ཀྱིས་ལེན་ན་འདོད་པའི་དབྱངས་དེ་ཡིན།
རྒྱུད་དྲུག་པི་ཝང་དཀར་པོའི་རམ་འདེགས་ཡོད།
སེམས་ཀྱི་དབྱངས་འདི་ཁྱེད་ལ་འབུལ་ནས་ཡོད།
རྒྱུད་དྲུག་པི་ཝང་དཀར་པོའི་རམ་འདེགས་ཡོད།
སེམས་ཀྱི་དབྱངས་འདི་ཁྱེད་ལ་འབུལ་ནས་ཡོད།
合:
སྙིང་གཏམ་པི་ཝང་ཕན་ཚུན་དཀྲོལ་ཞོར་དུ།
སེམས་ཀྱི་དབྱངས་རྟ་ང་ཚོས་ཁྱེད་ལ་ལེན།
དབྱངས་དང་པི་ཝང་ཨ་འགྲིག་ཆ་འགྲིག་རེད།
ཨ་འགྲིག་ཆ་འགྲིག་བརྩེ་བའི་རྒྱན་ཆ་ཡིན།
དབྱངས་དང་པི་ཝང་ཨ་འགྲིག་ཆ་འགྲིག་རེད།
ཨ་འགྲིག་ཆ་འགྲིག་བརྩེ་བའི་རྒྱན་ཆ་ཡིན།
དབྱངས་དང་པི་ཝང་ཨ་འགྲིག་ཆ་འགྲིག་རེད།
ཨ་འགྲིག་ཆ་འགྲིག་བརྩེ་བའི་རྒྱན་ཆ་ཡིན།
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑