心里的歌(remix)

歌手: 赞珠 • 专辑:ZAMCHU-Mixtape • 发布时间:2018-10-30
སེམས་ནང་གི་གཞས། beat by July
འཚར་ལོངས་ལམ་བུ་འདིའི་སྒང་ལ་མིག་ཆུ་མང་པོ་བཏང་ཡོད་ལ།
སེམས་སྟེང་གི་ཕུགས་བསམ་དེའང་ཐེ་ཚོམ་ཡང་ཡང་བྱས་ཡོད།
བྱམས་བརྩེ་ལྡན་པའི་དཀོན་མཆོག་གསུམ་ལ་སྨོན་ལམ་ཡང་ཡང་བཏབ་ཡོད།
དཀའ་དྲིན་ཆེ་བའི་ཕ་མ་གཉིས་པོ་བདེ་ཐང་ཡོང་བར་སྨོན་ཡོད།
བདེ་སྐྱིད་ལྡན་པའི་རང་ཡུལ་བཞག་ནས་ནང་སའི་སློབ་གྲྭ་སྒྲིམ་ཡོད།
དོན་སྙིང་ཡོད་པའི་མེ་ཚེ་སྐྱེལ་རྒྱུར་རེ་སྒུག་ཡང་ཡང་བྱས་ཡོད།
སྐྱིད་སྡུག་མཉམ་མྱོང་གྲོགས་པོ་ཁྱེད་ལའི་སྐྱེལ་མ་ཡང་ཡང་ཞུས་ཡོད།
འཛོམས་པའི་མཐའ་མ་བྲལ་རྒྱུ་ཡིན་པ་བཀོད་པའི་ལས་ལ་བསམ་ཡོད།
ཁ་སྔོན་རང་གི་སྤྲས་པའི་ལག་རྟགས་ཉར་ཚགས་ཡག་པོ་བྱས་ཡོད།
དྲན་གདུང་གི་མིག་ཆུ་ཤོར་བའི་དུས་དེར་སྐྱོ་རོགས་ཡོང་ན་བསམ་བྱུང་།
གཞས་མ་གཏམ་གྱི་གཞས་དེ་ལའི་འཕྱ་སྨོད་མང་པོ་མྱོང་ཡོད།
བདེན་པའི་གཞས་ཀྱི་གཞས་ཀྱི་བཏང་སྟངས་འདིའང་འགྲོ་སྟངས་འདི་རེད་སྙམ་བྱུང་།
ཀྱག་ཀྱོག་མེ་ཚེའི་འདིའི་ཐོག་ཕམ་ཁ་གཅིག་མཇུག་གཉིས་མཐུད།
གཞོན་ནུའི་ལང་ཚོའི་རིན་ཐང་འདི་ཡང་འདིའི་ཐོག་ནས་མངོན་ཡོང་།
ཚར་པའི་འདས་དོན་དྲན་གསོའི་རྙི་ལ་ཡང་ཡང་ཚུད་པ་ཡིན་ནའི།
དུས་ཚོད་ཕྱིར་ལྡོག་མེད་པའི་ཆོས་ཉིད་སེམས་ལ་བརྟན་པོར་ངེས་ཡོད།

ང་དང་མཉམ་དུ་བཏང་ཤོག གཞས་དེ་མཉམ་དུ་བཏང་ཤོག
མགྱོགས་ལོས་འགོར་ལོས་ག་རེ་ཡིན་ནའི་སོ་སོའི་སེམས་དང་བསྟུན་ཤོག
ང་དང་མཉམ་དུ་བཏང་ཤོག དབྱིངས་ཚ་པོས་བཏང་ཤོག
མིག་མདུན་གྱི་གནས་ཚུལ་དེ་ཚོ་སྦས་གསང་མེད་པར་བཤད་ཤོག
ང་དང་མཉམ་དུ་བཏང་ཤོག དགའ་སྤྲོའི་ངང་ནས་བཏང་ཤོག
མ་སྐྱིད་པའི་གནས་ཚུལ་དེ་ཚོ་ཚང་མ་རྫབ་དོང་ནང་ལ་གཡུག་ཤོག
ང་དང་མཉམ་དུ་བཏང་ཤོག སྐད་ཆེན་པོས་བཏང་ཤོག
འགྱོད་པ་མེད་པའི་ལམ་དེ་སྒང་ལ་རྔུལ་ཆུའི་ཐིགས་པ་རྒྱབ་ཤོག

རང་རང་སོ་སོའི་སྐད་དང་རང་རང་སོ་སོའི་ཡི་གེ།
སྐལ་པའི་མཐའ་ལ་སླེབས་ནའི་སེམས་ནས་མ་བརྗེད་པ་གནང་རོགས།
མི་དབང་བཙན་པོ་མཐོ་ལ་པད་ལད་དམའ་ལ་ལྐོག་བཟའ་ལྐོག་ངན།
ནམ་ཞིག་ལས་འབྲས་ཞགས་པས་དམ་པོ་འཛིན་རོགས་ཞུ་རྒྱུ།
ཉམས་ཆུང་གི་དབུལ་པོ་ཟོལ་མེད་ཀྱི་འཚོ་བ་དཀྱུས་མ་སྐྱེལ་མཁན་དེ་ཚོར།
ལས་དང་དབང་གི་བར་ཆད་མ་གཏོང་སེམས་ཀྱི་བླ་མས་གཟིགས་རོགས།
རྟག་པར་རེ་ཞིག་འཁྲིས་ལ་བསྡད་བྱས་རོགས་རམ་བྱེད་མཁན་མི་དེར།
མ་འགྱུར་མ་དོར་གྲོགས་པོ་བཟང་པོའི་འདུ་ཤེས་འཛིན་རོགས་ཞུ་རྒྱུ།
ག་དུས་ཡིན་ནའི་ཕྱིར་གཞོལ་མི་རྒྱག་འབད་བརྩོན་བྱེད་མཁན་མི་དེར།
གཅིག་པུར་མིན་པར་གྲོགས་པོ་བཟང་པོས་ལམ་གྱི་ལམ་རོགས་མཛོད་ཅིག
དྲག་ཆར་རླུང་འཚུབ་དཀྱིལ་གྱི་ཁ་ཕྱོགས་མ་རྙེད་པའི་གཞོན་ནུར།
བྱམས་སེམས་ལྡན་པའི་གཤེས་གཉེན་བཟང་པོས་ལམ་གྱི་ལམ་སྟོན་གནང་རོགས།
རྙོག་དྲ་ཚ་བའི་སྤྱི་ཚོགས་འདི་ཡི་འགྱུར་བ་ཆེན་པོ་འདིའི་ནང་།
རང་ངོས་འགན་འཁྲི་མང་པོ་ཞིག་ལ་མ་བསྐུལ་དང་ལེན་ཞུས་ཅིག
ནོར་འཁྲུལ་ཤོར་བའི་གཞོན་ནུ་དེ་ཚོར་འཁང་ར་མང་པོ་མ་གནང་།
སྐབས་དང་དུས་ལ་བབས་པའི་མཚམས་འདིར་སོ་སོའི་འཇོན་ཐང་སྟོན་ངེས།

ང་དང་མཉམ་དུ་བཏང་ཤོག གཞས་དེ་མཉམ་དུ་བཏང་ཤོག
མགྱོགས་ལོས་འགོར་ལོས་ག་རེ་ཡིན་ནའི་སོ་སོའི་སེམས་དང་བསྟུན་ཤོག
ང་དང་མཉམ་དུ་བཏང་ཤོག དབྱིངས་ཚ་པོས་བཏང་ཤོག
མིག་མདུན་གྱི་གནས་ཚུལ་དེ་ཚོ་སྦས་གསང་མེད་པར་བཤད་ཤོག
ང་དང་མཉམ་དུ་བཏང་ཤོག དགའ་སྤྲོའི་ངང་ནས་བཏང་ཤོག
མ་སྐྱིད་པའི་གནས་ཚུལ་དེ་ཚོ་ཚང་མ་རྫབ་དོང་ནང་ལ་གཡུག་ཤོག
ང་དང་མཉམ་དུ་བཏང་ཤོག སྐད་ཆེན་པོས་བཏང་ཤོག
འགྱོད་པ་མེད་པའི་ལམ་དེའི་སྒང་ལ་རྔུལ་ཆའི་ཐིགས་པ་རྒྱབ་ཤོག

🎧 相似歌曲推荐

缘为冰2.0

👤 歌手:Dj狗峰Remix
💿 专辑:为你写的歌
查看歌词

情歌慢慢唱-你写给我的第一首歌(Raye_ remix)

👤 歌手:Raye_
💿 专辑:心裡的雨傾盆而下
查看歌词

32bit-心里叙述 The Voice of my heart(Lil Jeu$zy remix)

👤 歌手:乃尤NiYung
💿 专辑:暗恋三部曲
查看歌词

DJ国飞-海浪-手心里的温柔-西海情歌-全立体声8D回声车载连版(DJ国飞 remix)

查看歌词

💡 相关搜索建议

正在播放: 心里的歌(remix)
0:00 / 0:00
加载歌词中...
心里的歌(remix)
赞珠