伊人如梦

歌手: 才让东珠 • 专辑:伊人如梦 • 发布时间:2020-01-16
作词 : 日旭周本
 作曲 : 才让东珠
 编曲 : 端知20G
རྨི་ལམ་ཁྱོད་ཡིན།

ཚིག རི་ཕྱོར་འབྲུག་འབུམ།
དབྱངས། འབའ་ཐང་ཚེ་རིང་དོན་གྲུབ།
ལེན་མཁན། འབའ་ཐང་ཚེ་རིང་དོན་གྲུབ།
རོལ་མོ། JCདོན་གྲུབ།
སྒྲ་ལེན་པ། དཀའ་ཐུབ་རྒྱལ།
སྒྲ་མཇུག དཀའ་ཐུབ་རྒྱལ།
སྒྲ་སྡེབ། བོད་འཚམས་སྐྱིད།

བུ་ལ་བུ་མོ་མཛེས་པ།།
བུ་མོའི་ཞལ་རས་མཛེས་པ།།
གཙང་པོའི་མེ་ལོང་ངོས་ལ།།
ཟླ་བའི་བསིལ་ཟེར་བབས་ཡོད།།

བུ་ལ་བུ་མོ་མཛེས་པ།།
བུ་མོའི་གཤིས་ཀ་མཛེས་པ།།
དུང་སེམས་ཨ་ལོང་ནང་ལ།།
བབས་པའི་རི་མོ་ཁྱོད་ཡིན།།

སེམས་པ་སོང་བའི་བུ་མོ།།
ཡིད་ཀྱི་དྲན་པ་ཁྱོད་ཡིན།།
དུངས་སེམས་དར་གྱི་མདུད་པ།།
རང་དགར་ཆད་ས་མ་རེད།།
རུས་པའི་རྐང་ལ་ཟུག་ཡོད་ཡེ།

སེམས་པ་སེམས་པ་ཁྱོད་ལ་ཤོར་ཡོད།
དུངས་བའི་རི་མོ་ཁྱོད་ལ་བྲིས་ཡོད།
ཁྱེད་ལ་དགའ་བ་ཡོད་ན་དུངས་བ་ཡོད་ན།
ང་ལ་གནང་རོགས།
དུངས་བའི་སྙིང་གཏམ་ཚིག་ལ་བྲིས་ཡོད།
དྲན་པའི་སྣང་བ་དབྱངས་ལ་གྱེར་ཡོད།
ང་ཡི་དགའ་བ་ང་ཡི་དུངས་བ།
ང་ཡིས་ཁྱོད་ལ་ཕུལ་ཡོད།

བུ་ལ་བུ་མོ་མཛེས་པ།།
བུ་མོའི་ལང་ཚོ་མཛེས་པ།།
ཁྲ་མོ་མིག་ལ་ལྷུང་དུས།།
ཆུ་སྐྱེས་པདྨ་འདྲ་ལེ།།

བུ་ལ་བུ་མོ་མཛེས་པ།།
བུ་མོའི་དགོད་འཛུམ་མཛེས་པ།།
ཟབ་མོ་ཞེ་ལ་ལྷུང་དུས།།
ཉི་མའི་འོད་ཟེར་འདྲ་ལེ།།

སེམས་པ་སོང་བའི་བུ་མོ།།
ཡིད་ཀྱི་དྲན་པ་ཁྱོད་ཡིན།།
དུངས་སེམས་དར་གྱི་མདུད་པ།།
རང་དགར་ཆད་ས་མ་རེད།།
རུས་པའི་རྐང་ལ་ཟུག་ཡོད་ཡེ།

སེམས་པ་སེམས་པ་ཁྱོད་ལ་ཤོར་ཡོད།
དུངས་བའི་རི་མོ་ཁྱོད་ལ་བྲིས་ཡོད།
ཁྱེད་ལ་དགའ་བ་ཡོད་ན་དུངས་བ་ཡོད་ན།
ང་ལ་གནང་རོགས།
དུངས་བའི་སྙིང་གཏམ་ཚིག་ལ་བྲིས་ཡོད།
དྲན་པའི་སྣང་བ་དབྱངས་ལ་གྱེར་ཡོད།
ང་ཡི་དགའ་བ་ང་ཡི་དུངས་བ།
དྲན་པ་དབྱངས་ལ་བཀུག་ཡོད།

དུངས་བ་དུངས་བ་ཟེར་ན་དུངས་བ་ཚིག་ལ་བྲིས་ཡོད།
དྲན་པ་དྲན་པ་ཟེར་ན་དྲན་པ་དབྱངས་ལ་བཀུག་ཡོད།

མཚན་གྱི་རྨི་ལམ་ཁྱོད་རེད་སྙིང་གི་བུ་མོ་ལགས།
སད་ན་མིག་ལམ་ཁྱོད་རེད་སྙིང་གི་བུ་མོ་ལགས།
མཚན་གྱི་རྨི་ལམ་ཁྱོད་རེད་སྙིང་གི་བུ་མོ་ལགས།
སད་ན་མིག་ལམ་ཁྱོད་རེད་སྙིང་གི་བུ་མོ་ལགས།
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑