迎宾酒歌

歌手: 昂萨 • 专辑:迎宾酒歌 • 发布时间:2020-03-07
作词 : 昂斗·丹增秋嘉
 作曲 : 昂斗·丹增秋嘉
ཡ་ལ་སྐྱིད་པའི་བཀྲ་ཤིས་པའི་ཁ་ཏགས་དཀར་པོ་འདི།
ཡ་ལ་སྐྱིད་པའི་གངས་ཅན་བོད་ཀྱི་ཡ་ལ་ནས་མཇལ་དར་ཡིན།
ཡ་ལ་སྐྱིད་པའི་གྲོགས་པོ་ཁྱེད་ལ་འབུལ་བ།
ཡ་ལ་སྐྱིད་པའི་བསམས་དོན་འགྲུབ་པའི་ཡ་ལ་ནས་རྟེན་འབྲེལ།
ཡ་ལ་ཁྱེད་བསམས་དོན་འགྲུབ་པའི་རྟེན་འབྲེལ་གོ་ཞུ།།
ཡ་ལ་སྐྱིད་པའི་དཀར་ཡོལ་དཀར་གསུམ་འབྲུག་མ་འདི།
ཡ་ལ་སྐྱིད་པའི་ནང་ལ་ནས་ཆང་ཡ་ལ་ནས་བདུད་རྩི་ཡིན།
ཡ་ལ་སྐྱིད་པའི་གྲོགས་པོ་ཁྱེད་ལ་འབུལ་བ།
ཡ་ལ་སྐྱིད་པའི་སེམས་ཁམས་སྤྲོ་བའི་ཡ་ལ་ནས་རྟེན་འབྲེལ།
ཡ་ལ་ཁྱེད་སེམས་ཁམས་སྤྲོ་བའི་རྟེན་འབྲེལ་ཞུ།།
ཡ་ལ་སྐྱིད་པའི་འབྲི་བརྒྱའི་འོ་ཇ་མངར་མོ་འདི།
ཡ་ལ་སྐྱིད་པའི་གསེར་ཐབ་ཁྲ་མོས་ཡ་ལ་ནས་བསྐོར་བ་ཡིན།
ཡ་ལ་སྐྱིད་པའི་གྲོགས་པོ་ཁྱེད་ལ་འབུལ་བ།
ཡ་ལ་སྐྱིད་པའི་སྐུ་ལུས་བདེ་བའི་ཡ་ལ་ནས་རྟེན་འབྲེལ།
ཡ་ལ་ཁྱེད་སྐུ་ལུས་བདེ་བའི་རྟེན་འབྲེལ་ཞུ།
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑