写给阿妈啦(prod by poree)

歌手: ZAMCHU • 专辑:写给阿妈啦 • 发布时间:2020-11-12
作词 : ZAMCHU
 作曲 : ZAMCHU
 编曲 : poree
Verse:
གཞས་དེ་ཁྱེད་ཀྱི་གསན་དུས་མཚམས་ལ་ང་རང་ལམ་ལ་བསྐྱོད་ཚར།
ཚེ་འདིར་བདེ་སྐྱིད་ཆེ་ཤོས་དེ་ནི་ལས་ལ་ཁྱེད་རང་བཀོད་པ་དེ་ཡིན། ཁྱེད་ཀྱི་བུ་ཕྲུག་བྱེད་རྒྱུ་དེ་ཡིན།
ལམ་བུ་དེ་ལ་དཀའ་ངལ་དང་བར་ཆད། ག་ཚོད་མང་པོ་འཕྲད་ནའང་།
བློ་ལ་ངེས་པའི་སྐུལ་སློང་དང་རེ་བ།   རྟག་པར་སེམས་ནས་དྲན་ཡོད།
ཁྱེད་ཀྱི་དཀའ་མོལ་དབ་དིབ།   ད་ཆ་ཐོས་ཡས་ཉུང་ཉུང་།
ཁྱེད་ཀྱི་ཞལ་གྱི་འཛུམ་མདངས།  ད་ཆ་མཐོང་ཡས་ཉུང་ཉུང་།
སྐུ་ལས་སྐྱོན།  ཐུགས་ཁྲལ་གནང་།  ཡོད་ཚད་ཚང་མ་ང་ལ་བྱིན།
སློབ་གྲྭ་འགྲིམ།   སློབ་གྲྭ་ཐོན།   ང་ཡང་ཆེན་པོ་ཆགས།
ད་ལམ་ཁྱིམ་ལ་མ་ལོག  ཁྱེད་དང་ཞལ་མཇལ་མ་བྱུང་།
ཕུགས་བསམ་གྲུབ་པའི་ལོ་ཟླ་དང་གཞན་ཡུལ་འགྲིམ་པའི་མཚན་མོ་མང་པོར།
གཅིག་པུར་སེམས་སྡུག་བྱས་མྱོང་ལ་གཅིག་པུར་མིག་ཆུ་ཤོར་མྱོང་།
གཅིག་པུར་ལབ་ལོབ་བཏང་མྱོང་ལ་དངངས་སྐྲག་ཐེ་ཚོམ་སྐྱེས་མྱོང་།
ཡིན་ནའང་ཕྱིར་གཞོལ་རྒྱབ་མ་ཡོང་།    ཡིན་ནའང་བློ་སྟོབས་ཆགས་མ་མྱོང་།
སེམས་ནས་འགྱོད་པ་སྐྱེས་མ་ཡོང་།   རྒྱབ་བཤིག་གོམ་གང་རྒྱབ་མ་ཡོང་།

Hook:
ཨ་མ་ཐུགས་ཁྲལ་མ་གནང་། ཨ་མ་སེམས་སྡུག་མ་གནང་།
ཨ་མ་ཡི་ཐང་མ་ཆད། ཨ་མ་སྤྱན་ཆབ་མ་བསིལ།
བུ་ང་ཆེན་པོ་ཆགས་ཡོད། བུ་ང་ལང་ཚོ་དར་ཡོད།
བུ་ང་ན་སོ་རྒས་ཡོད། བུ་ང་བསམ་བློ་སླེབས་ཡོད།

Verse:
དགུང་ལོ་ལྔ་བཅུར་ཕེབས་པ་རེད། སྔར་བཞིན་གཉིད་བཅག་བཟས་བརྗེད་རེད།
ཞོགས་སྔ་ལངས་དགོང་ཕྱི་ཉལ། ཁྱིམ་དེར་བྱིན་པའི་བརྩེ་བ་རེད། ང་ལ་གནང་བའི་དམིགས་དཔེ་རེད།
དྲིན་ཅན་ཁྱེད་ལ་བྲིས་འདོད་པའི་སེམས་ནང་གི་གཞས་དེ་བྲིས་ནས་ཚར་རྒྱུ་ཞིག་ཡོད་མི་སྲིད།
ལོ་ཟླའི་འགྱུར་བ་སེམས་ལ་ངེས་ནས་ཁྱེད་རང་མཇལ་ན་བསམ་ནས་ཡོད།
དུས་ཚོད་ཀྱི་འཁོར་ལོ་རྒྱུན་མ་ཆད། དྲན་གདུང་སེམས་པ་བཟོད་མ་ཤེས།
བསྐྱར་ཟློས་མེད་པའི་ལོ་ཟླའི་ཁྲོད་ནས་ཁྱེད་ཀྱི་བཀའ་སློབ་དྲན།
གནོན་ཤུགས་ཆེ་བའི་འཚོ་བའི་ཁྲོད་ནས་ཁྱེད་ཀྱི་ཞལ་རས་འཇལ།
ང་ལམ་དེར་ཕྱིན་པའི་གནས་ཚུལ་མཁྱེན་དུས་ཁྱེད་རང་གིས་དགོངས་བཞེས་མ་གནང་བ་བྱས།
ཐུགས་ལ་ཆུང་དུས་ཞལ་ལ་ཉན་པའི་སྤྱང་གྲུང་འཛོམས་པའི་ནོར་བུ་དེ་དྲན།
ཡིན་ནའི་བརྩེ་བའི་ཡུམ་ཆེན། གུས་པར་འོས་པའི་ཨ་མ་ལགས།
ཀྱག་ཀྱོག་མི་ཚེའི་ལམ་བུའི་སྒང་ལ་བདེ་སྐྱིད་ཆེ་ཤོས་ཀྱི་བྱ་བ་ཟེར་ན། རང་གིས་བློ་གཅིག་སེམས་གཅིག་ལ་སེམས་ནས་དགའ་ཤོས་ཀྱིས་ལས་ཀ་དེ་རེད།
དེ་ལས་འཐོབ་པའི་རིན་ཐང་དེ་རེད།
ང་རས་ང་རང་ཡིད་ཆེས་ཡོད་ལ་ཁྱེད་རང་གི་དགོངས་བཞེས་འཐོབ་གི་རེད།
ལམ་དེའི་སྒང་འོད་སྣང་འཕྲོ་བའི་ཁྱེད་ཀྱི་བུ་ཕྲུག་དེ་གཟིགས་ངེས་རེད།
ང་ད་ལྟ་གང་ཡང་མེད་ལའང་། ང་ནམ་ཞིག་ལེགས་གྲུབ་ཡོང་སྲིད།
ང་མི་རྐྱང་རྟ་རྐྱང་ཡིན་ནའང་། ངའི་མིང་གྲགས་གང་སར་ཁྱབ་སྲིད།
དེ་དུས་ཁྱེད་ཀྱི་ཕྱག་ཟུང་དེ་བུ་ངས་དམ་པོར་བཅུས།
འཛམ་གླིང་ཆེན་པོ་འདི་ལ་སྐོར་སྐྱོན་གར་ཕེབས།
ཁ་བ་ཅན་གྱི་གནས་བཟང་དེ་ཚོར་ཡང་ཡང་ཆོས་འཇལ་ཞུས
ངས་མཐོང་ཆུང་གི་གདོང་སྒང་ལ་ལེགས་གྲུབ་ཀྱི་འཛུམ་སྟོན།
ངས་གཞས་མ་གཏམ་གྱི་གར་སྟེགས་ཐོག་རྩམ་ཕྲུག་གི་མིང་བྲིས།
ངས་འགྱོད་བཤགས་ཀྱི་ཚིག་དེ་ཚོ་ཡུམ་ཆེན་གྱི་སྙན་ལ་གསོལ།
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑