锅庄起舞

歌手: 谢旦 索南曲珍 • 专辑:锅庄起舞 • 发布时间:2021-02-08
作词 : 岗尖土登扎西
 作曲 : 三智才让
男:
ན་ཁ་མེ་ཏོག་ཐང་ལ་མོ་གཞོན་འཛོམས་སོང་།
འཛོམས་པ་ལན་གཅིག བྲོ་རེ་ཡག་མོ་བྱུང་སོང་།
འཛུམ་གྱི་པདྨོ་ཡག་ཡག ངག་གི་འགྱུར་ཁུག བསྭོ་ལོ་ལོ།
བྱུ་རུའི་ཐོད་ཕྲེང་ལྡེམ་ལྡེམ། ལུས་ཀྱི་སྟངས་སྟབས། སེ་ལེ་ལེ།
སྐེད་པ་དྲིལ་ཆུང་གཡུག་གཡུག སོར་མོའི་མེ་ཏོག་ལྡེམ་སེར་ལྡེམ།
བསྭོ། སྐོར་བ་བྲོ་ཡིས་བརྒྱབ་སོང་། མགྲིན་པའི་སྙན་དབྱངས། བསྭོ་ལོ་ལོ།
བསྭོ་ཡ་ལ། གོས་ཆེན་འདབ་མ། སེ་ལེ་ལེ། ཨ་ལ། སེ་ལེ་ལེ།
女:
ན་ཁ་མེ་ཏོག་ཐང་ལ་ཕོ་གཞོན་འཛོམས་སོང་།
འཛོམས་པ་ལན་གཅིག བྲོ་རེ་ཡག་མོ་བྱུང་སོང་།
དཔུང་བའི་རི་བོ་ཡག་ཡག བྲོ་གཞས་སྙན་མོ། བསྭོ་ལོ་ལོ།
རྐང་པའི་ཀ་བ་བཙུགས་ནས། སོག་པ་ལེབ་མོ། སེ་ལེ་ལེ།
ལག་པ་གློག་ཞགས་འཁྱུག་འཁྱུག སྐྲ་ཡི་འདབ་མ་ལྡེམ་སེར་ལྡེམ།
བསྭོ། སྐོར་བ་བྲོ་ཡིས་བརྒྱབ་སོང་། ལྷན་འཛོམས་དགོད་སྒྲ། བསོ་ལོ་ལོ།
བསྭོ་ཡ་ལ། ལུས་ཀྱི་ལྡེམ་མྱུར། སེ་ལེ་ལེ། ཨ་ལ། སེ་ལེ་ལེ།
男:
རྩྭ་ཐང་གདན་ལ་བཏིང་ནས་ང་ཚོ་འཛོམས་སོང་།
འཛོམས་པ་ལན་གཅིག བྲོ་རེ་ཡག་མོ་བྱུང་སོང་།
女:
འཇའ་ཡི་གུར་ཁང་ཡག་ཡག ཁུ་ལོའི་གསུངས་སྐད། བསྭོ་ལོ་ལོ།
དགའ་བ་དགོད་སྒྲའི་ཁྲོད་ནས། མེ་ཕུང་སྐོར་བྲོ། སེ་ལེ་ལེ།
合:
ཟླ་བའི་འོད་གོར་གསལ་གསལ། སྐར་མའི་རུ་དཔུང་ཁྲ་ལམ་མེར།
བསྭོ། སྐོར་བ་བྲོ་ཡིས་བརྒྱབ་སོང་། བྲོ་གཞས་སྙན་མོ། བསྭོ་ལོ་ལོ།
བསྭོ་ཡ་ལ། བྲོ་ར་ཡག་པོ། སེ་ལེ་ལེ། ཨ་ལ། སེ་ལེ་ལེ།
བསྭོ་ཡ་ལ། བྲོ་ར་ཡག་པོ། སེ་ལེ་ལེ། ཨ་ལ། སེ་ལེ་ལེ།
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑