忘了吧

歌手: 强巴曲桑 快版原唱者 才让罗布 • 专辑:拉巴扎西原创作品集 • 发布时间:2020-07-26
作词 : 甲夏尔•拉巴扎西
 作曲 : 甲夏尔•拉巴扎西
༡.དུས་ཚོད་འདི་ནི་ཕྱིར་འཁོར་བརྒྱབ་ན་ཡག་པ་ལ།
དེ་འདྲ་བྱུང་ན་སྡུག་བསྔལ་དེ་ཡང་མེད་པར་གྱུར།
གལ་སྲིད་དང་པོ་ང་གཉིས་ཐུག་མེད་ན།
ད་ཆ་ཁྱེད་རང་འགྱོད་པ་སྐྱེས་མི་སྲིད།
ད་ང་གཉིས་མཉམ་དུ་ཐུག་པ་ལས་དང་དབང་གི་བཀོད་པ་ཡིན་ན།
མི་ཚེ་མཐའ་འཁྱོལ་མེད་པ་ག་རེ་ཡིན་ནམ།
ཁྱེད་ལ་དགོས་པའི་བརྩེ་དུང་ང་ལ་མེད་ན།
དང་པོ་ང་ལ་དགའ་གིས་ལབ་དོན་གང་ཡིན།
ད་ང་གཉིས་མཉམ་དུ་ཐུག་པ་ལས་དང་དབང་གི་བཀོད་པ་ཡིན་ན།
མི་ཚེ་མཐའ་འཁྱོལ་མེད་པ་ག་རེ་ཡིན་ནམ།
ཁྱེད་ལ་དགོས་པའི་བརྩེ་དུང་ང་ལ་མེད་ན།
དང་པོ་ང་ལ་དགའ་གིས་ལབ་དོན་གང་ཡིན།
༢.སྔོན་མ་ཁྱེད་ཀྱིས་ང་ལ་གསུངས་མྱོང་ཡོད།
དཀའ་སྡུག་ག་ཚོད་འཕྲད་ཀྱང་ལག་པ་གློད་མ་ཡོང་ཟེར།
ད་ཆ་ཁྱེད་ཀྱིས་ཁོང་གི་ལག་པ་བཟུང་དུས།
ང་གཉིས་བརྩེ་དུང་དེ་ཡང་མེད་པར་གྱུར་སོང་།
ད་གལ་ཡོད་མ་རེད་བརྩེ་དུང་ཟེར་བ་ཕལ་ཆེར་འདི་འདྲ་ཡིན་གྱི་རེད།
ཕར་ལ་བརྩེ་བ་བཅངས་ཀྱང་ཚུར་ལ་ཕོག་ཐུག་བཏང་།
ཁྱེད་རང་ཁོང་ལ་དགའ་པོ་དེ་འདྲ་ཡོད་ན།
ང་ཡིས་ཁྱེད་ཀྱི་ལག་པ་ག་ལེར་ལོས་ཆོག
ད་གལ་ཡོད་མ་རེད་བརྩེ་དུང་ཟེར་བ་ཕལ་ཆེར་འདི་འདྲ་ཡིན་གྱི་རེད།
ཕར་ལ་བརྩེ་བ་བཅངས་ཀྱང་ཚུར་ལ་ཕོག་ཐུག་བཏང་།
ཁྱེད་རང་ཁོང་ལ་དགའ་པོ་དེ་འདྲ་ཡོད་ན།
ང་ཡིས་ཁྱེད་ཀྱི་ལག་པ་ག་ལེར་ལོས་ཆོག
ང་ཡིས་ཁྱེད་ཀྱི་ལག་པ་ག་ལེར་ལོས་ཆོག
ང་ཡིས་ཁྱེད་ཀྱི་ལག་པ་ག་ལེར་ལོས་ཆོག
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑