寒心

歌手: 卡哇东智 • 专辑:寒心 • 发布时间:2021-11-16
作词 : 赤龙道
 作曲 : 卡哇东智

ལོ་ཟླ་གོས་ཡིན།
རི་མོ་འགྱུར་སོང་།
དུས་ཚོད་ཆུ་ཡིན།
བཞུར་ནས་ཚར་སོང་།
ད་ནི་ང་ལ་གོ་སྐབས་དགོས་མ་ཟེར།
བཟོད་སྒོམ་གྱི་མཐའ་ལ་ཐུག་དུས།
ཨུ་ཚུགས་ཀྱིས་ཡོང་རྒྱུ་མི་འདུག།

ཞེ་འདང་ཇ་ཡིན།
འོ་ཇ་འཁྱག་སོང་།
བརྩེ་དུང་ཆང་ཡིན།
བཟི་ཁ་དྭངས་སོང་།
ད་ནི་ང་ཚོའི་འདས་སོང་དག་མི་གླེང་།
དུས་ཚིགས་ཀྱི་མཐའ་ལ་ཐོན་དུས།
ཕྱིར་དྲན་གྱིས་ཡོང་རྒྱུ་མི་འདུག།

དམ་བཅའ་རྡོ་ཡིན།
གས་ཁ་ཤོར་སོང་།
སྙིང་གཏམ་རླུང་ཡིན།  རླུང་ཁ་འགྱུར་སོང།
ད་ནི་ང་ལ་དགོངས་དག་ཞུ་མ་ཟེར།
རང་སེམས་འདི་ཁོ་ཐག་ཆད་དུས།
མིག་ཆུ་ཡིས་ཡོང་རྒྱུ་མི་འདུག།
 音乐宣传:谢旦贴吧工作室
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑