因为有你

歌手: 勒毛措 • 专辑:因为有你 • 发布时间:2021-11-23
作词 : 曼拉杰甫
 作曲 : 三智才让
 编曲 : 三智文化传媒/夏雄·扎西多杰
ཁྱོད་ཡོད་པས།
དགུན་གསུམ་ཁ་བའི་གཞི་ལ་ཕྱེ་མ་ལེབ་ཀྱི་གཤོག་པ་འཚེར།
ཁྱོད་ཡོད་པས།
ཐུན་གསུམ་རྨི་ལམ་ནང་ལ་ཉི་ཟླ་སྐར་གསུམ་འགྲོགས་ནས་ཤར།
ཁྱོད་ཀྱི་དགོད་སྒྲ་གཅིག་གིས་སྤང་ལ་མེ་ཏོག་བཞད།
ཁྱོད་ཀྱི་འཛུམ་མདངས་གཅིག་གིས་ཞིང་ལ་གསེར་མདོག་བསྒོས།
ཨོ་་་་་་ ཁྱོད་མེད་ན།
མི་ཚེ་རིང་མོའི་སྐྱིད་གསུམ་སྡུག་གསུམ་ཚོན་གྱིས་འབྲི་མཁན་སུ་ཞིག་ཡོད།

ཁྱོད་ཡོད་པས།
དབྱར་གསུམ་ཚ་བའི་ཀློང་ལ་བསིལ་བསིལ་དུང་གི་ཟླ་བ་ཚེས།
ཁྱོད་ཡོད་པས།
ཐུན་གསུམ་རྨི་ལམ་ནང་ལ་བྱ་ཁྱུ་དཀར་པོས་གཤོག་རྡང་སྦྲེལ།
ཁྱོད་ཀྱི་དགོད་སྒྲ་གཅིག་གིས་མཚོ་ལ་སྐར་ཚོགས་བཀྲམ།
ཁྱོད་ཀྱི་འཛུམ་མདངས་གཅིག་གིས་ཁང་ཁྱིམ་འོད་ཀྱིས་བཀང་།
ཨོ་་་་་་ ཁྱོད་མེད་ན།
མི་ཚེ་རིང་མོའི་སྐྱིད་གསུམ་སྡུག་གསུམ་འོད་ཀྱིས་འབྲི་མཁན་སུ་ཞིག་ཡོད།
 音乐宣传:谢旦贴吧工作室
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑