人生

歌手: 旦增加 • 专辑:人生 • 发布时间:2021-12-31
作词 : 迪刚曲杨
 作曲 : 旦增加
 编曲 : 谢尔巴
ལོ་ཟླས་ང་རང་མི་སྒུག་ཕར་ལ་བཞུད་འགྲོ།
ལོ་གཅིག་ལོ་གཉིས་ཟེར་བ་སྐད་ཅིག་ཡལ་འགྲོ།
གཞོན་པའི་དུས་ཀྱི་རྨི་ལམ་ལང་ཚོ་ཡུན་རེད།
དེ་འདྲིའི་མགྱོགས་པོར་མི་ཚེ་ཐུང་ཐུང་ཞིག་རེད།
ཉི་ཤུའི་ཐེམ་པ་ཟེར་བ་རླུང་ལས་མྱུར་འགྲོ།
རེས་མོས་ཉིན་ཚན་མི་སྡོད་ཆུ་ལྟར་བཞུད་འགྲོ།
ཟླ་ལ་མཐུད་པའི་ལོ་དེར་ཕྱིར་ཡོང་མེད་པས།
ན་ཚོད་རྒས་པའི་དུས་ཚོད་མགྱོགས་པོ་ཞིག་རེད།
ཨོ་ཧོ། ཨོ་ཧོ། ཨོ་ཧོ་ཧོ། ཨོ་་་་་་ཧོ།
བྱིས་པའི་སྣང་ངོར་ལོ་ཟླ་རིང་དུ་འཆར་འགྲོ།
གཞོན་པའི་སྣང་ངོར་དུས་ཡུན་ཐུང་ངུར་སྣང་འགྲོ།
ཉིན་ཞག་རེ་རེ་མ་ལྷག་རེ་ཞིག་ཟད་པས།
འདས་སོང་ལོ་ཟླའི་འཁོར་སྐྱོད་མྱུར་མོ་ཞིག་རེད།
ལོ་ན་ཉི་ཤུའི་སྣང་བ་སྐྱིད་ཀྱི་ཁམས་རེད།
ལོ་ན་ཉི་ཤུའི་དུས་ཡུན་སྐད་ཅིག་ཙམ་རེད།
ལོ་ན་ཉི་ཤུའི་མཛེས་སྡུག་མེ་ཏོག་ཅིག་རེད།
ལོ་ན་ཉི་ཤུའི་གོམ་སྟབས་མྱུར་མོ་ཞིག་རེད།
ཉིན་དང་མཚན་མོ་རེ་རེ་རེས་སུ་འཁོར་སོང་།
ལོ་དང་ཟླ་བ་རེ་རེ་གཅིག་རྗེས་གཉིས་མཐུད།
འདས་པའི་དུས་ཚོད་རེ་རེར་སླར་ཡང་མེད་པས།
ནར་སོན་ཁྲོད་ཀྱི་དུས་ཡུན་མགྱོགས་པོ་ཞིག་རེད།
ཨོ་ཧོ། ཨོ་ཧོ། ཨོ་ཧོ་ཧོ། ཨོ་་་་་་ཧོ།
གདོང་གི་མཛེས་པ་མི་བརྟན་འཇལ་ལྟར་ཡལ་ངེས།
གཉེར་མའི་རི་མོ་ཐོད་ལ་རིམ་བཞིན་བབས་ཡོང་།
གཟུགས་དང་ལང་ཚོ་མི་རྟག་རྒས་ནས་བུད་འགྲོ།
ཡུན་ཐུང་མི་ཚེ་དེ་ནི་ཕྱིར་དྲན་ཞིག་རེད།
ཡུན་ཐུང་མི་ཚེ་དེ་ནི་ཕྱིར་དྲན་ཞིག་རེད།
ཡུན་ཐུང་མི་ཚེ་དེ་ནི་ཕྱིར་དྲན་ཞིག་རེད།
 录音 : 谢尔巴
 后期 : 央容阿东
 和声 : 谢尔巴
 发行 : 甘肃省观察时代文化传播有限公司
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑