吉祥宝塔

歌手: 波密娃伟色贡秋 • 专辑:波密民歌集——祖辈的旋律 • 发布时间:2022-01-17
༄༅། །བཀྲ་ཤིས་ཤོག་སྨོན་ལམ་ཡག
ཚིག དམངས་ཁྲོད།
གདངས། དམངས་ཁྲོད།
ལེན་མཁན། གཡང་འཛོམས།
བཀྲ་ཤིས་ཤོག་སྨོན་ལམ་ཡག
བཀྲ་ཤིས་ལུང་པའི་ཕུ་ལ། །གསེར་གྱི་མཆོད་རྟེན་བཞེངས་ཡོད། །བཀྲ་ཤིས་ཤོག
བཀྲ་ཤིས་ཤོག་སྨོན་ལམ་ཡག
གསེར་གྱི་མཆོད་རྟེན་ཁ་ལ། །རི་མོ་སྣ་ཚོགས་བྲིས་ཡོད། །བཀྲ་ཤིས་ཤོག
བཀྲ་ཤིས་ཤོག་སྨོན་ལམ་ཡག
ཆར་པ་ལོ་གསུམ་བབས་ན། །རི་མོ་ཡལ་ས་མ་རེད། །བཀྲ་ཤིས་ཤོག

བཀྲ་ཤིས་ཤོག་སྨོན་ལམ་ཡག
བཀྲ་ཤིས་ལུང་པའི་ཕུ་ལ། །དངུལ་གྱི་མཆོད་རྟེན་བཞེངས་ཡོད། །བཀྲ་ཤིས་ཤོག
བཀྲ་ཤིས་ཤོག་སྨོན་ལམ་ཡག
དངུལ་གྱི་མཆོད་རྟེན་ཁ་ལ། །རི་མོ་སྣ་ཚོགས་བྲིས་ཡོད། །བཀྲ་ཤིས་ཤོག
བཀྲ་ཤིས་ཤོག་སྨོན་ལམ་ཡག
ཆར་པ་ལོ་གསུམ་བབས་ན། །རི་མོ་ཡལ་ས་མ་རེད། །བཀྲ་ཤིས་ཤོག

བཀྲ་ཤིས་ཤོག་སྨོན་ལམ་ཡག
བཀྲ་ཤིས་ལུང་པའི་ཕུ་ལ། །དུང་གི་མཆོད་རྟེན་བཞེངས་ཡོད། །བཀྲ་ཤིས་ཤོག
བཀྲ་ཤིས་ཤོག་སྨོན་ལམ་ཡག
དུང་གི་མཆོད་རྟེན་ཁ་ལ། །རི་མོ་སྣ་ཚོགས་བྲིས་ཡོད། །བཀྲ་ཤིས་ཤོག
བཀྲ་ཤིས་ཤོག་སྨོན་ལམ་ཡག
ཆར་པ་ལོ་གསུམ་བབས་ན། །རི་མོ་ཡལ་ས་མ་རེད། །བཀྲ་ཤིས་ཤོག
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑