阿若罗琼才仁

歌手: 波密娃伟色贡秋 • 专辑:波密民歌集——祖辈的旋律 • 发布时间:2022-01-17
༄༅། །ཨ་རོག་ལོ་ཆུང་ཚེ་རིང་།
ཚིག དམངས་ཁྲོད།
གདངས། དམངས་ཁྲོད།
ལེན་མཁན། གཡང་འཛོམས།

ཨ་རོག་ལོ་ཆུང་ཚེ་རིང་། ཤར་བཀྲ་ཤིས་ལ་ཡི་ལ་ཁ་ལ།
ཨ་རོག་ལོ་ཆུང་ཚེ་རིང་།དར་དཀར་པོ་ཁ་གང་རླུང་གིས་བསྐྱོད།
ཨ་རོག་ལོ་ཆུང་ཚེ་རིང་།དར་དཀར་པོ་མ་རེད་ཐང་དཀར་རེད།
ཨ་རོག་ལོ་ཆུང་ཚེ་རིང་།བྱ་ཐང་དཀར་སྒྲོ་རྩེ་རླུང་གིས་བསྐྱོད།

ཨ་རོག་ལོ་ཆུང་ཚེ་རིང་།ཤར་བཀྲ་ཤིས་ལ་ཡི་ལ་སྐེད་ལ།
ཨ་རོག་ལོ་ཆུང་ཚེ་རིང་།དར་དམར་པོ་ཁ་གང་རླུང་གིས་བསྐྱོད།
ཨ་རོག་ལོ་ཆུང་ཚེ་རིང་།དར་དམར་པོ་མ་རེད་རྨ་བྱ་རེད།
ཨ་རོག་ལོ་ཆུང་ཚེ་རིང་།བྱ་རྨ་བྱ་སྒྲོ་རྩེ་རླུང་གིས་བསྐྱོད།

ཨ་རོག་ལོ་ཆུང་ཚེ་རིང་།ཤར་བཀྲ་ཤིས་ལ་ཡི་ལ་རྩ་ལ།
ཨ་རོག་ལོ་ཆུང་ཚེ་རིང་།དར་སྔོན་པོ་ཁ་གང་རླུང་གིས་བསྐྱོད།
ཨ་རོག་ལོ་ཆུང་ཚེ་རིང་།དར་སྔོན་པོ་མ་རེད་ཁུ་བྱུག་རེད།
ཨ་རོག་ལོ་ཆུང་ཚེ་རིང་།བྱ་ཁུ་བྱུག་མཇུག་རྩེ་རླུང་གིས་བསྐྱོད།
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑