吉祥新年

歌手: 班措 • 专辑:吉祥新年 • 发布时间:2022-02-01
作词 : 居.尕桑
 作曲 : 夏雄·扎西多杰
ཕྱི་སྣོད་གངས་ཀྱི་ར་བ་ཡངས་ས་ནས།།
ནང་བཅུད་སྐྱེ་འགྲོའི་སེམས་རྒྱུད་གཙང་ས་ནས།།
གསང་བ་ས་སྤྱོད་དག་པའི་ཞིང་ཁམས་ནས།།
དེ་རིང་ཁྱེད་ལ་ལོ་སར་གླུ་ཞིག་ལེན།།
ཕོ་བྲང་དཀར་པོ་དམར་པོའི་གཟི་བྱིན་ཕོབས།།
ཇོ་ཤཱཀྱ་ཉི་མ་ཟླ་བའི་བྱིན་རླབས་སྩོལ།།
གཟི་བྱིན་ཕོབས། བྱིན་རླབས་སྩོལ།
ལོ་སར་བཀྲ་ཤིས་དཔལ་འབར་ཤོག།
མངའ་རིས་སྐོར་གསུམ་བཙན་པོ་གོང་མའི་ས།།
དབུས་གཙང་རུ་བཞི་ལུགས་གཉིས་ནོར་བུའི་ཞིང་།།
མདོ་ཁམས་སྒང་དྲུག་དཔའ་མཛངས་རིག་པའི་ལྗོངས།།
དེ་རིང་ཁྱེད་ལ་ལོ་སར་གླུ་ཞིག་ལེན།།
རྒྱལ་ཁམས་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག།
དབུ་ནག་བདེ་ཞིང་སྐྱིད་པའི་རྟེན་འབྲེལ་ཞུ།།
བཀྲ་ཤིས་ཤོག རྟེན་འབྲེལ་ཞུ།།
ལོ་སར་བཀྲ་ཤིས་དཔལ་འབར་ཤོག།
མདུན་གྱི་རི་འདི་རྨ་རྒྱལ་གངས་ཀྱི་རི།།
འགྲམ་གྱི་ཆུ་འདི་གསེར་ལྡན་རྨ་ཀླུང་ཆུ།།
ཕ་ས་ཕ་ཡུལ་གཙང་མའི་ཡུལ་གྲུ་ནས།།
དེ་རིང་ཁྱེད་ལ་ལོ་སར་གླུ་ཞིག་ལེན།།
རྒན་པ་ཚེ་ཐག་རིང་བའི་སྨོན་ལམ་འདེབས།།
གཞོན་པ་འདབ་ལག་རྒྱས་པའི་རྟེན་འབྲེལ་འགྲིག།
སྨོན་ལམ་འདེབས། རྟེན་འབྲེལ་འགྲིག།
ལོ་སར་བཀྲ་ཤིས་དཔལ་འབར་ཤོག།
སྨོན་ལམ་འདེབས། རྟེན་འབྲེལ་འགྲིག།
ལོ་སར་བཀྲ་ཤིས་དཔལ་འབར་ཤོག།
ལོ་སར་བཀྲ་ཤིས་དཔལ་འབར་ཤོག།
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑