欢聚

歌手: 才仁帮巴 旦增旺姆 • 专辑:阿克班玛 • 发布时间:2022-05-28
作词 : 恰嘎·多杰才让
 作曲 : 巴桑
女:
དེ་རིང་ལྷ་ཉིན་དཀར་པོ་རེད།
ལྷ་མི་ལྷན་དུ་འཛོམས་པའི་ཉིན།
མཆོད་པ་དང་པོ་ལྷ་བསང་དཀར་པོ་ཡིན།
ལྷ་བསང་དཀར་པོ་སེམས་ཀྱི་ལྷ་ལ་མཆོད།
合:
གནམ་ལོ་གསར་བའི་ནང་ལ།
ཆོལ་གསུམ་བོད་པ་ཚང་གི།
སྣོད་ཀྱི་བཀོད་པ་ཇེ་ཡག་ཇེ་ཡག་ཤོག།
བཅུད་ཀྱི་སེམས་ཅན་ཇེ་སྐྱིད་ཇེ་སྐྱིད་ཤོག།
ཨ་རོག་ལ་ཡེ། ན་ཆུང་ཚོ།
ཨ་རོག་ལ་ཡེ། སྟག་ཤར་ཚོ།
དེ་རིང་དགའ་བ་སྐྱིད་པ་ལ།
དེ་རིང་དགའ་བ་སྐྱིད་པ་ལ་ཡེ།
男:
དེ་རིང་བཀྲ་ཤིས་ཉིན་མོ་རེད།
གཞིས་བྱེས་ལྷན་དུ་འཛོམས་པའི་ཉིན།
མཆོད་པ་གཉིས་པ་ཁ་བཏགས་དཀར་པོ་ཡིན།
ཁ་བཏགས་དཀར་པོ་མགོ་ནག་མི་ལ་མཆོད།
合:
གནམ་ལོ་གསར་བའི་ནང་ལ།
ཆོལ་གསུམ་བོད་པ་ཚང་གི།
རྒན་པ་ཚེ་ཐག་ཇེ་རིང་ཇེ་རིང་ཤོག།
གཞོན་པ་འདབ་ལག་ཇེ་རྒྱས་ཇེ་རྒྱས་ཤོག།
ཨ་རོག་ལ་ཡེ། ན་ཆུང་ཚོ།
ཨ་རོག་ལ་ཡེ། སྨན་ཤར་ཚོ།
དེ་རིང་དགའ་བ་སྐྱིད་པ་ལ།
དེ་རིང་དགའ་བ་སྐྱིད་པ་ལ་ཡེ།
合:
དེ་རིང་གཡང་གི་ཉི་མ་རེད།
ནང་མི་ལྷན་དུ་འཛོམས་པའི་ཉིན།
མཆོད་པ་གསུམ་པ་ཕྱྭ་གཡང་དཀར་པོ་ཡིན།
ཕྱྭ་གཡང་དཀར་པོ་ཞིང་དང་ཕྱུགས་ལ་མཆོད།
གནམ་ལོ་གསར་བའི་ནང་ལ།
ཆོལ་གསུམ་བོད་པ་ཚང་གི།
རྟ་ནོར་ལུག་གསུམ་ཇེ་འཕེལ་ཇེ་འཕེལ་ཤོག།
གྲོ་ནས་སྲན་གསུམ་ཇེ་མང་ཇེ་མང་ཤོག།
ཨ་རོག་ལ་ཡེ། ན་ཆུང་ཚོ།
ཨ་རོག་ལ་ཡེ། སྤུན་ཟླ་ཚོ།
དེ་རིང་དགའ་བ་སྐྱིད་པ་ལ།
དེ་རིང་དགའ་བ་སྐྱིད་པ་ལ་ཡེ།
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑