多布 阿拉也

歌手: 西藏当秋景日文化传媒 • 专辑:多布《阿拉也》 • 发布时间:2022-08-27
ཨ་ལ་ཡེ།
གཞས་ཚིག་སྐལ་ཚེ།
]གདངས་ བཀྲ་ཤིས་ཚེ་རྟན།
.གཞས་པ་ རྡོ་འབུམ་
ཕ་དང་ཨ་ཁུ་ཚེ་ཐག་རིང་བ་ཡི།།
ལྷད་མེད་སྨོན་ལམ་དར་དཀར་རིང་མོ་ཡིན།།
ཕུ་ནུ་མིང་སྲིང་ཤེས་རབ་རྒྱས་པ་ཡི།།
]ཁ་གཡང་སྐྱ་རེངས་བུ་མོའི་མགུལ་དུ་སྒྲོན།།
ཕུ་ནུ་མིང་སྲིང་ཤེས་རབ་རྒྱས་པ་ཡི།།
]ཁ་གཡང་སྐྱ་རེངས་བུ་མོའི་མགུལ་དུ་སྒྲོན།།
སྲོལ་གྱི་ཆུ་རྒྱུན་སྔོན་མོ་འབྲོག་སྡེ་འདབས།།
གཏན་དུ་བཞུར་ཞིང་མཚར་སྡུག་ལྡན་གྱུར་ཅིག།
སློབ་གསོའི་མེ་ཏོག་ཀུན་ནས་རྒྱས་པའི་ཁར།།
ཀུན་སྤྱོད་གཙང་པའི་སྦྲང་ཆར་བསྩལ་དུ་གསོལ།།
སློབ་གསོའི་མེ་ཏོག་ཀུན་ནས་རྒྱས་པའི་ཁར།།
ཀུན་སྤྱོད་གཙང་པའི་སྦྲང་ཆར་བསྩལ་དུ་གསོལ།།
བློ་དང་རིག་པའི་མཉོམ་ལག་རྒྱས་པའི་ཁྲོད།།
མི་འདོད་ནད་ཀྱིས་གནོད་འཚེ་མེད་པར་ཤོག།
གནའ་དེང་རིག་པའི་ཉིང་བཅུད་ལེན་པའི་ཚེ།།
འཆམ་མཐུན་ཉི་མའི་འོད་སྣང་ལྡན་པར་ཤོག།
གནའ་དེང་རིག་པའི་ཉིང་བཅུད་ལེན་པའི་ཚེ།།
འཆམ་མཐུན་ཉི་མའི་འོད་སྣང་ལྡན་པར་ཤོག།
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑