雪域杜鹃

歌手: Wings • 专辑:雪域杜鹃 • 发布时间:2022-09-13
作词 : Wings
 作曲 : Wings
雪域杜鹃:
སྦྲ་ནག་གི་ནང་དུ་རྩམ་པ་ཟོས།
དྲིན་ཆེན་མ་ལོའི་ནུ་ཞོ་མངར་མོ་འདི་འཐུང་ནས།
ནར་སོན་པའི་མི་ཞིག་ལ་འགྱུར་བ་ཡོད་ནི་མ་རེད།
དེ་ནས་ང་ཚོ་ཚང་མ་མི་རིགས་གཅིག་པ་རེད།
ཕ་ཡུལ་ཛཾ་ཐང་༼ས་གནས༽ཕྱོགས་ཀྱི་མི་ཚོགས་ལ་ང་རང་ལྷག་ཏུ་དགའ་ཞེན་དང་དུང་ཞེན་ཡོད།
ང་རང་གནས་ས་རྒྱ་གྲོང་ཡིན་ཡང་།
ཡིད་སེམས་ནམ་ཡང་བོད་དུ་ཡོད།
RTDB
ཁ་ཟས་སྦྲང་དཀར་རྩམ་པ་ཡིས་གསོས་པའི།
ཁ་བའི་བདེ་སྡུག་གླུ་ཡི་ཆེད་དུ་ཕུལ་བའི།
གངས་ལྗོངས་ཁུ་བྱུག་སྔོན་མོ་ཡི་མཛད་རྗེས།
ཡིད་སེམས་སུ་གནས་ཡོད།
ནམ་ཡང་བརྗེད་པ་མི་སྲིད།
Lil sad
བྱ་ཁུ་བྱུག་ཨ་སྔོན་དགུང་ནས་འཕུར་དུས།
ས་སྐྱིད་པོ་ལྷ་ཡུལ་འདྲ་མོ་དྲན་གི །
དེ་ནི་ཁྱེད་དང་ང་ཡི་མིག་ཆུ་དང་རྐང་རྗེས།
དེ་ནི་ཁྱེད་དང་ང་ཡི་རྨི་ལམ་དང་ཟུངས་ཁྲག །
གངས་ཅན་ཁུ་བྱུག་གི་མཛད་རྗེས་དེ་བསྟོད་དོ།།
གངས་ལྗོང་གླུ་གར་སྒྱུ་རྩལ་གྱི་རྒྱལ་པོ།
ཁྱེད་ནི་ངེད་གདུང་དམར་བའི་ངོམ་ཆོག་པའི་གཟི་བརྗིད།
ཁུ་བྱུག་ནམ་ཡང་ཁྱེད་མ་གཏོགས་གཞན་མེད།
དེ་ནི་ནམ་མཁའི་ཉི་མ་བཞིན་ཟློག་མེད།
སྐྱེས་ས་སྒང་བ་བོད་རེད། གྲག་ས་འཛམ་བུ་གླིང་རེད།
ཁ་བའི་བསོད་ནམས་འཕེལ་ཤོག ། ཁ་བའི་དབང་ཐང་དར་ཤོག །
ཁུ་བྱུག་སྔོན་མོ་ལྷོ་ལ་འཕུར་སོང་། ང་ཚོའི་འབྲོག་ཐང་ལ་ཁ་བ་བབས་སོང་།
Luo sang
གདངས་དབྱངས་འཇམ་པོ་keep real ལྷ་མོ།
དྲི་ཟིའི་ང་རོར་འབོད་པའི་བདུད་འདུལ་རྡོ་རྗེ་ཁྱེད་ཀྱི་དབྱངས་རྟ་སྙན་མོ།
ཁྱེད་ཀྱི་པང་ཁུགས་སུ་ལོག་སྟེ་མི་ལོ་སྟོང་ཕྲག་གི་བང་མཛོད་ཆེ་ན་འདོད་ཀི།
ཁྱེད་ཀྱི་མཛེས་སྡུག་རྫོགས་པའི་ཕ་ས་དེར་ཡོང་ན་འདོད་ཀི།
སྐད་དང་རིག་གཞུང་གི་མཐུ་འོག་ནས་ནར་སོན་པའི་ཁ་བ་གངས་ཅན་པ།
རི་བོ་མཐོ་ས་ན་གྱེར་བའི་ང་དང་ཁུ་བྱུག་བློ་དང་ཁོག་རྒྱ་ཆེ་བའི་ཁུ་བྱུག་བདུད་འདུལ་རྡོ་རྗེ།
ཁྱེད་ཀྱི་སྒྲ་ཐག་དེ་ང་ཚོས་ཉན་ཡོད།
ཁྱེད་ཀྱི་སློབ་གསོ་དེ་ང་ཚོས་བསྒྲུབས་ཡོད།
གོ་ལ་ཟླུམ་པོའི་སྟེང་ན་ཡ་ལ།
ཁུ་བྱུག་གཅིག་མ་གཏོགས་མེད་ཀི།
ང་ཚོས་དྲན་གི་ཡོད།
ང་ལ་ལམ་སྟོན་གནང་མཁན།
གངས་ལྗོངས་ཁུ་བྱུག་སྔོན་མོ།
སེམས་ལ་བཟུང་ནས་ད་རུང་བརྗེད་ཀི་མེད།
RTDB
མཐོན་པོ་ཨ་སྔོན་དགུང་ལ་འཕུར།
གསུང་དབྱངས་འཛམ་བུ་གླིང་དུ་ཁྱབ།
གཅེས་པའི་ཕ་ཁྱིམ་སྨུག་པོ་འདི།
གཉོམ་ལག་རྒྱས་སའི་ཕ་ས་རེད།
ཡངས་པའི་རྩྭ་ཐང་ཆེན་མོ་དེ།
རྟ་ནོར་ལུག་གི་ཞིང་ཁམས་ཡིན།
འབྲི་མོ་གཡང་མོའི་བཀའ་དྲིན་གྱིས།
ཁུ་བྱུག་གསུང་དབྱངས་མཁའ་རུ་སྒྲོགས།
ཁ་ཟས་སྦྲང་དཀར་རྩམ་པ་ཡིས་གསོས་པའི།
ཁ་བའི་བདེ་སྡུག་གླུ་ཡི་ཆེད་དུ་ཕུལ་བའི
གངས་ལྗོངས་ཁུ་བྱུག་སྔོན་མོ་ཡི་མཛད་རྗེས།
ཡིད་སེམས་སུ་གནས་ཡོད།
ནམ་ཡང་བརྗེད་པ་མི་སྲིད།
雪域杜鹃:
དེ་ནས་དུས་རྒྱུན་དུ་ཁྱེད་རྣམ་པ་ཚོས་ང་ལ་བསྟོད་བསྔགས་དང་
སྒྱུ་རྩལ་གྱི་ལམ་བུ་ཆུང་ཆུང་གི་ཕྱོགས་ནས་
ང་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུ་བ་ཡིན།
བཀྲ་ཤིས་བདེ་ལེགས།
ཁ་ཟས་སྦྲང་དཀར་རྩམ་པ་ཡིས་གསོས་པའི།
ཁ་བའི་བདེ་སྡུག་གླུ་ཡི་ཆེད་དུ་ཕུལ་བའི།
གངས་ལྗོངས་ཁུ་བྱུག་སྔོན་མོ་ཡི་མཛད་རྗེས།
ཡིད་སེམས་སུ་གནས་ཡོད།
ནམ་ཡང་བརྗེད་པ་མི་སྲིད།
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑