羌塘民族迎客之歌

歌手: 让桑巴旦 • 专辑:羌塘民族迎客之歌 • 发布时间:2022-09-14
作词 : 达瓦东周
 作曲 : 罗泽
བྱང་ཐང་སྒོར་བྲོ་གླིང་།
ཚིག ཟླ་འོད།
གླུ་བ། རང་གསལ་དཔལ་ལྡན།
ཕེབས་ཤོག ཕེབས་ཤོག
བྱང་ཐང་འདི་རུ་ཕེབས་ཤོག
བྱང་ཐང་མི་རིགས་གར་སྟེགས་ཆེན་མོའི་ནང་ལ།
སྙན་མོ་གླུ་ཡི་མཆོད་པ་འདི་ན་ཡོད།
ལྡེམ་ལྡེམ་གར་གྱི་སྟངས་སྟབས་འདི་ན་ཡོད།
བསོ། ཤ་ཉེ་ཚོ།
མི་རིགས་རང་གི་སྲོལ་བཟང་རྒྱུད་འཛིན་ཡོད།
བསོ། གྲོགས་པོ་ཚོ།
ཕེབས་ཤོག ཕེབས་ཤོག
གར་སྟེགས་འདི་རུ་ཕེབས་ཤོག
བྱང་ཐང་མི་རིགས་གར་སྟེགས་ཆེན་མོའི་ནང་།
སྙན་མོ་གླུ་ཡི་མཆོད་པ་འདི་ན་ཡོད།
ལྡེམ་ལྡེམ་གར་གྱི་སྟངས་སྟབས་འདི་ན་ཡོད།
མི་རིགས་རང་གི་སྲོལ་བཟང་རྒྱུད་འཛིན་ཡོད།
ཕེབས་ཤོག ཕེབས་ཤོག
གར་སྟེགས་འདི་རུ་ཕེབས་ཤོག
ཕེབས་ཤོག ཕེབས་ཤོག
བྱང་ཐང་འདི་རུ་ཕེབས་ཤོག
བྱང་ཐང་མི་རིགས་གར་སྟེགས་ཆེན་མོའི་ནང་ལ།
སྲོལ་རྒྱུན་ལྡན་པའི་ཞབས་བྲོའི་གར་སྟབས་ཡོད།
དེང་རབས་གསར་དར་རིག་གནས་སྒྱུ་རྩལ་ཡོད།
བསོ། ཤ་ཉེ་ཚོ།
ཕུན་སུམ་ཚོགས་པའི་སྣ་མང་ཤེས་བྱ་ཡོད།
བསོ། གྲོགས་པོ་ཚོ།
ཕེབས་ཤོག ཕེབས་ཤོག
གར་སྟེགས་འདི་རུ་ཕེབས་ཤོག
ཕེབས་ཤོག ཕེབས་ཤོག
བྱང་ཐང་འདི་རུ་ཕེབས་ཤོག
བྱང་ཐང་མི་རིགས་གར་སྟེགས་ཆེན་མོའི་ནང་ལ།
བྱང་ཐང་འཇོལ་མོའི་དབྱངས་རྟ་སྙན་མོ་ཡོད།
འགྱུར་ཁུག་སྙན་ངག་ཁུ་བྱུག་གསུངས་འདྲ་ཡོད།
བསོ། ཤ་ཉེ་ཚོ།
སྙན་པའི་གླུ་དང་མཚར་བའི་ཞབས་བྲོ་ཡོད།
བསོ། གྲོགས་པོ་ཚོ།
ཕེབས་ཤོག ཕེབས་ཤོག
གར་སྟེགས་འདི་རུ་ཕེབས་ཤོག
བྱང་ཐང་མི་རིགས་གར་སྟེགས་ཆེན་མོའི་ནང་།
བྱང་ཐང་འཇོལ་མོའི་དབྱངས་རྟ་སྙན་མོ་ཡོད།
འགྱུར་ཁུག་སྙན་ངག་ཁུ་བྱུག་གསུངས་འདྲ་ཡོད།
སྙན་པའི་གླུ་དང་མཚར་བའི་ཞབས་བྲོ་ཡོད།
ཕེབས་ཤོག ཕེབས་ཤོག
གར་སྟེགས་འདི་རུ་ཕེབས་ཤོག
ཕེབས་ཤོག ཕེབས་ཤོག
བྱང་ཐང་འདི་རུ་ཕེབས་ཤོག
བྱང་ཐང་མི་རིགས་གར་སྟེགས་ཆེན་མོའི་ནང་ལ།
སྟག་ཤར་དཔའ་རྩལ་ལྡན་པའི་རྫིགས་ཉམས་ཡོད།
སྨན་ཆུང་སྐྱེ་གཟུགས་མཛེས་མའི་གར་སྟབས་ཡོད།
བསོ། ཤ་ཉེ་ཚོ།
བདེ་སྐྱིད་དགོད་སྒྲའི་གང་བའི་སྤྲོ་སྣང་ཡོད།
བསོ། གྲོགས་པོ་ཚོ།
ཕེབས་ཤོག ཕེབས་ཤོག
གར་སྟེགས་འདི་རུ་ཕེབས་ཤོག
བསོ། ཤ་ཉེ་ཚོ།
བདེ་སྐྱིད་དགོད་སྒྲའི་གང་བའི་སྤྲོ་སྣང་ཡོད།
བསོ། གྲོགས་པོ་ཚོ།
ཕེབས་ཤོག ཕེབས་ཤོག
གར་སྟེགས་འདི་རུ་ཕེབས་ཤོག
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑