故乡

歌手: 完玛三智 • 专辑:圣地阳光 • 发布时间:2022-09-20
作曲 : 完玛三智
ཡབ་ཆེན་གྱི་ཟུང་ཁྲག་གཏོར་ས།
ཡུམ་ཆེན་གྱི་དངུལ་ཆུ་ཟགས་ས།
བདེ་སྐྱིད་ཀྱི་ཉི་འོད་མཐོང་ཞིང་།
ཕུ་ནུ་ཚོའི་གླུ་སྒྲ་ཐོས་བྱུང་།
ཕ་ཡུལ།
ཨ་ཕ་ཁྱེད་ཡིན།
ཕ་ཡུལ།
ཨ་མ་ཁྱེད་ཡིན།
གངས་ལྗོངས་གཅེས་པའི་གངས་ལྗོངས།
ང་ཡི་བརྩེ་ཞེན་གཏོར་ས་ཡིན།
གངས་ལྗོངས་གཅེས་པའི་གངས་ལྗོངས།
ང་ཡི་ཕུགས་བསམ་བཅོལ་ས་ཡིན།

ཡབ་མེས་ཚོས་ཞབས་རྗེས་བཀོད་ས།
ན་གཞོན་ཚོའི་མིག་ཟུང་གཏད་ས།
གསེར་མདོག་གི་གངས་རི་འདབས་ནས།
རིགས་རྒྱུད་འདིའི་མངའ་ཐང་དར་མྱོང་།
ཕ་ཡུལ།
ཨ་ཕ་ཁྱེད་ཡིན།
ཕ་ཡུལ།
ཨ་མ་ཁྱེད་ཡིན།
གངས་ལྗོངས་གཅེས་པའི་གངས་ལྗོངས།
ང་ཡི་བརྩེ་ཞེན་གཏོར་ས་ཡིན།
གངས་ལྗོངས་གཅེས་པའི་གངས་ལྗོངས།
ང་ཡི་ཕུགས་བསམ་བཅོལ་ས་ཡིན།
ཕ་ཡུལ།
ཨ་ཕ་ཁྱེད་ཡིན།
ཕ་ཡུལ།
ཨ་མ་ཁྱེད་ཡིན།
གངས་ལྗོངས་གཅེས་པའི་གངས་ལྗོངས།
ང་ཡི་བརྩེ་ཞེན་གཏོར་ས་ཡིན།
གངས་ལྗོངས་གཅེས་པའི་གངས་ལྗོངས།
ང་ཡི་ཕུགས་བསམ་བཅོལ་ས་ཡིན།
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑