秋天的叶子

歌手: 藏巴罗布 • 专辑:秋天的叶子 • 发布时间:2017-10-15
作曲 : 藏巴罗布
 编曲 : 藏巴罗布
སྟོན་ཁའི་ལོ་མ་
ཚིག  བསོད་ཚེ་
གདངས་  གཙང་པ་ནོར་བུ་
གླུ་པ་   གཙང་པ་ནོར་བུ་
སྡོང་ལོ་ངེས་མེད་འཐོར་བའི་ལྗོན་པའི་འོག་།ལྷག་རླུང་གྲང་ངད་ཆེ་བའི་ནམ་དུས་འདིར་།།
སྐྱོ་གདུང་སེམས་འགྱུ་སྟོང་གི་གླུ་ཆུང་དེ།།ཁེར་རྐྱང་ཚང་ཚིང་ནགས་ནས་ལེན་པར་ཐལ།།
ཡིད་དབང་རབ་ཏུ་འཕྲོག་པའི་རྩ་ཐང་དང།།ཡིད་སྨོན་ཤིན་ཏུ་འཆོར་བའི་ལྗོན་ཤིང་སོགས།།
ཡིད་གཏན་གང་ཡང་མེད་པར་འགྱུར་བའི་ཚེ།།ཡིད་ཕམས་མིག་ཆུ་སྟོང་གི་སྐྱོ་གླུ་ལེན།།
འགོག་མེད་དུས་ཀྱི་འགྱུར་བའི་ངང་ཚུལ་དང།།ཟློག་མེད་མི་ཚེའི་བགྲོད་ལམ་ཁྱག་ཁྱོག་དེར།།
སེམས་ན་སྐྱིད་ལ་འགྲོ་དུས་སྐྱོ་དྲགས་པའི།།མི་རྟག་སྒྱུ་མའི་གྲོང་དེར་ཨ་ཐང་ཆད།།
ཟིམ་ཟིམ་བདུད་རྩིའི་སྦྲང་ཆར་དལ་བུར་ཆད།།ལྷུང་ལྷུང་ཆུ་མོའི་རླབས་ཕྲེང་རིམ་གྱིས་ཡལ།།
ཁོར་ཡུག་སྐྱ་བོར་གྱུར་བའི་སྟོན་འཇུག་ཏུ།།སེམས་པ་རབ་ཏུ་སྐྱོ་བའི་གླུ་ཆུང་ལེན།།
རི་ལུང་ཆུ་ཕྲན་མང་པོའི་དབུགས་རྒྱུན་ཆད།།སྐད་སྙན་བྱ་རིགས་མང་པོ་ངེས་མེ་འཕུར།།
ཞིང་ཐང་ལྕགས་ཀྱིས་བསློགས་པའི་ཤུལ་ལམ་ན།།ཚོར་བ་དྲག་ཏུ་འཁྲུགས་པའི་ཐལ་རྡུལ་མང།།
འགོག་མེད་དུས་ཀྱི་འགྱུར་བའི་ངང་ཚུལ་དང།།ཟློག་མེད་མི་ཚེའི་བགྲོད་ལམ་ཁྱག་ཁྱོག་དེར།།
སེམས་ན་སྐྱིད་ལ་འགྲོ་དུས་སྐྱོ་དྲགས་པའི།།མི་རྟག་སྒྱུ་མའི་གྲོང་དེར་ཨ་ཐང་ཆད།།
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑