我的祖先

歌手: 古如扎西 • 专辑:我的祖先 • 发布时间:2022-10-03
作词 : 古如扎西
 作曲 : 古如扎西
 编曲 : 古如扎西
ཚིག འབྲོག་འར་ཀྱེ།
དབྱངས།  རྭ་སྒྲེང་སྐལ་བཟང་།
སྐྱར་ལེན་གླུ་བ་། འགུ་རུ་བཀྲ་ཤིས།
ང་སྲིད་པ་བོད་པའི་བོད་རྒྱུད་ལ། །
རང་རིག་གཞུང་ཕམ་ཁ་སྐྱེ་མ་མྱོང་། །
བློ་རིག་པའི་མཁས་དབང་མང་སེ་མང་། །
སྐྱབས་དེ་ཚོས་བཀའ་དྲིན་བརྗེད་དུ་མེད། །
ཧོ་། ་་་     ་་་     ་་་
བློ་རིག་པའི་མཁས་དབང་མང་སེ་མང་། །
སྐྱབས་དེ་ཚོས་བཀའ་དྲིན་བརྗེད་དུ་མེད། །
ང་ཆོས་རྒྱལ་སྲོང་བཙན་གདུང་རྒྱུད་ལ། །
སྐད་ཡི་གེའི་ངོ་ཚ་སྐྱེ་མ་མྱོང་། །
ནོར་རིན་ཆེན་འོད་ཟེར་འཕྲོད་སེ་འཕྲོད། །
མགོན་ཁྱེད་ནི་མུན་སེལ་སྒྲོན་མེ་ཡིན། །
ཧོ་། ་་་     ་་་    ་་་
ནོར་རིན་ཆེན་འོད་ཟེར་འཕྲོད་སེ་འཕྲོད། །
མགོན་ཁྱེད་ནི་མུན་སེལ་སྒྲོན་མེ་ཡིན། །
ང་སློབ་དཔོན་པདྨའི་ཆོས་རྒྱུད་ལ། །
རྐྱེན་བར་ཆད་གེགས་བར་བྱུང་མ་མྱོང་། །
ཆོས་ཟབ་མོ་དད་པ་སྐྱེ་སེ་སྐྱེ། །
མགོན་ཁྱེད་ནི་གཙུགས་གི་ནོར་བུ་ཡིན། །
ཧོ་། ་་་    ་་་   ་་་
ཆོས་ཟབ་མོ་དད་པ་སྐྱེ་སེ་སྐྱེ། །
མགོན་ཁྱེད་ནི་གཙུགས་གི་ནོར་བུ་ཡིན། །
ང་གདོང་དམར་བོད་པའི་རུས་རྒྱུད་ལ། །
རིགས་སྤུན་ཟླའི་སྙིང་ནོར་བཙོང་མ་མྱོང་། །
ནང་མཐུན་པའི་དཔུང་པ་སྦྲེལ་སེ་སྦྲེལ། །
རྒན་ཕ་མེས་དམ་པའི་རྗེས་རབས་ཡིན། །
ཧོ་། ་་་   ་་་   ་་་
ནང་མཐུན་པའི་དཔུང་པ་སྦྲེལ་སེ་སྦྲེལ། །
རྒན་ཕ་མེས་དམ་པའི་རྗེས་རབས་ཡིན། །
ཧོ་། ་་་   ་་་   ་་་
ནང་མཐུན་པའི་དཔུང་པ་སྦྲེལ་སེ་སྦྲེལ། །
རྒན་ཕ་མེས་དམ་པའི་རྗེས་རབས་ཡིན། །
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑