坚热斯寺

歌手: 藏巴罗布 • 专辑:坚热斯寺 • 发布时间:2022-10-14
作曲 : 藏巴罗布
སྤྱན་རས་གཟིགས་དགོན།
ཚིག  མྱང་གཉུག་སྲས།
གདངས   གཙང་པ་ནོར་བུ།
གླུ་པ  གཙང་པ་ནོར་བུ།
ཕུ་ན་དོ་ཆེན་ལྷ་མོའི་གནས་རི་བརྗིད། །
མདའ་ན་ཡུམ་ཆེན་རྩིས་ཀྱི་ལྷ་ཁང་ཆགས། །
བར་ན་རྩིས་ཕུ་བྱང་ལྷ་ཆོས་གླིང་མཛེས། །
བརྗིད་ཆགས་མཛེས་གསུམ་ཡུལ་ལུང་འདི་ཡི་རྒྱན། །
ཚུར་ལ་གསོན་དང་བདག་གི་ཆོས་གྲོགས་ཚོ། །
དང་པོ་ཆོས་རྒྱལ་སྲོང་བཙན་བཀའ་དྲིན་ལས། །
ས་མཆོག་ཕུད་ཀྱིས་གཙུག་ལག་ཁང་འདི་བཞེངས། །
དེ་རྗེས་བྱོན་པའི་མཁས་རྣམས་བཀའ་དྲིན་ཆེ། །
བླ་མ་ཡབ་སྲས་རྣམ་གཉིས་ཐུགས་བསྐྱེད་དང་། །
དགེ་འདུན་ཐུགས་མཐུན་ཆོས་སྤྱོད་མཛད་བཟང་ལས་། །
འགྲོ་ཀུན་བདེ་ཞིང་རྒྱལ་བསྟན་ཡུན་གནས་པའི། །
རྟེན་འབྲེལ་རྫོགས་ལྡན་དཔལ་ལ་ལོངས་སྤྱོད་ཤོག །
ལོ་རྒྱུས་རིང་པོའི་རྗེས་ཤུལ་དཔང་རྟགས་ནི། །
ཡན་ལག་བརྒྱད་ལྡན་བདུད་རྩིའི་སྒྲུབ་ཆུ་དང་། །
བླ་མའི་བྱིན་རློབས་མཁའ་འགྲོའི་གསང་ཆབ་སོགས། །
ཕུན་ཚོགས་ངོ་མཚར་ཆེ་བའི་གནས་ཀྱིས་མཚོན། །
ཡང་ཅིག་ལུང་བསྟན་དུས་ལ་བབས་པའི་ཚེ། །
སྐྱབས་ཅིག་༸བླ་མ་ཤཱཀྱའི་རྒྱལ་མཚན་གྱིས། །
བྱང་དགོན་བསྟན་པ་རྒྱ་ཆེར་གཏོད་མཛད་ཅིང་། །
བསླབ་གསུམ་ངུར་སྨྲིགས་མཛེས་པའི་དགེ་འདུན་ཚོགས་། །
བླ་མ་ཡབ་སྲས་རྣམ་གཉིས་ཐུགས་བསྐྱེད་དང་། །
དགེ་འདུན་ཐུགས་མཐུན་ཆོས་སྤྱོད་མཛད་བཟང་ལས་། །
འགྲོ་ཀུན་བདེ་ཞིང་རྒྱལ་བསྟན་ཡུན་གནས་པའི། །
རྟེན་འབྲེལ་རྫོགས་ལྡན་དཔལ་ལ་ལོངས་སྤྱོད་ཤོག །
བླ་མ་ཡབ་སྲས་རྣམ་གཉིས་ཐུགས་བསྐྱེད་དང་། །
དགེ་འདུན་ཐུགས་མཐུན་ཆོས་སྤྱོད་མཛད་བཟང་ལས་། །
འགྲོ་ཀུན་བདེ་ཞིང་རྒྱལ་བསྟན་ཡུན་གནས་པའི། །
རྟེན་འབྲེལ་རྫོགས་ལྡན་དཔལ་ལ་ལོངས་སྤྱོད་ཤོག །
རྟེན་འབྲེལ་རྫོགས་ལྡན་དཔལ་ལ་ལོངས་སྤྱོད་ཤོག །
རྟེན་འབྲེལ་རྫོགས་ལྡན་དཔལ་ལ་ལོངས་སྤྱོད་ཤོག །
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑