夏库白玛

歌手: 藏巴罗布 • 专辑:我的诺言 • 发布时间:2017-08-02
ཤར་སྒོ་པདྨ་རཱ་ག
ཚིག   དམངས་གཞས།
གདངས   དམངས་གཞས།
གླུ་པ  གཙང་པ་ནོར་བུ།
ཤར་སྒོ་པདྨ་རཱ་ག །
ནུབ་སྒོ་ཨིནྡྲ་ནི་ལ། །
རྡོ་རྗེ་ཕ་ལམ་བཞིན་དུ། །
ཐུགས་ལ་ཞོག་རོགས་གནང་དང་། །
སྒོ་མོའི་ཐེམ་པ་ཡན་ཆད། །
དཀར་མོ་འབྲུ་ཡི་བརྩིགས་པ། །
ལོངས་སྤྱོད་འཁྲུང་ལ་བཅོལ་ཡང་། །
འབྲུ་ལ་འཛད་པ་མིན་འདུག །
ལོངས་སྤྱོད་འཁྲུང་ལ་བཅོལ་ཡང་། །
འབྲུ་ལ་འཛད་པ་མིན་འདུག །
ལྕམ་ཤིང་དྲལ་མའི་འོག་ལ། །
སྦུབ་རིལ་ཉིས་སྟོང་གསུམ་སྟོང་། །
གསུམ་སྟོང་རྒྱང་བཀྲག་ཆེ་ལ། །
ཉིས་སྟོང་མངར་ཁ་ལྡན་པ། །
གཞོན་གཞོན་འཁྲུང་མ་སྐྱོན་ས། །
ཀླུ་ཡི་ཕོ་བྲང་འདྲ་བ། །
མཆོད་མཁན་བཞུགས་གྲལ་གཡས་གཡོན། །
ངང་པ་མཚོ་ལ་རོལ་རོལ། །
མཆོད་མཁན་བཞུགས་གྲལ་གཡས་གཡོན། །
ངང་པ་མཚོ་ལ་རོལ་རོལ། །
མཚོ་ལ་རོལ་རོལ། །
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑