上师念扎仁波切

歌手: 比如扎西音乐圈 • 专辑:上师念扎仁波切 • 发布时间:2022-11-02
编曲 : 比如扎西音乐圈
རྗེ་བླ་མ་སྙན་གྲགས་རིན་པོ་ཆེ།

གཞས་ཚིག  འབྲོག་ཁ་མང་།
གཞས་གདངས། བློ་གསལ།
གཞས་མ། རང་དབང་ལྷ་མོ།

གནས་དབེན་པ་དགའ་ལྡན་རི་བོ་ན།།
རྗེ་བླ་མ་སྙན་གྲགས་རིན་པོ་བཞུགས།།
རྗེ་བླ་མ་འགྲོ་བའི་ལམ་སྟོན་རེད།།
ཐུགས་བརྩེ་བ་ཉི་ཟླའི་འོད་ཟེར་རེད།།
ཨོ་་་་་་་་་་་་ཨོ་་་་་་་་་་་་
རྗེ་བླ་མའི་སྐུ་ཚེ་བརྟན་པར་ཤོག །
རྗེ་བླ་མའི་མཛད་འཕྲིན་རྒྱས་པར་ཤོག །

ཡུལ་ཁ་བ་གངས་ཀྱི་ཞིང་ཁམས་ན།།
རྗེ་བླ་མའི་བཀའ་ཆོས་གསུང་གིས་ཁྱབ།།
རྗེ་བླ་མའི་མཛད་པ་བསམ་མི་ཁྱབ།།
རྗེ་བླ་མའི་སྐུ་དྲིན་ངོ་མཚར་ཆེ།།
ཨོ་་་་་་་་་་་་་ཨོ་་་་་་་་་་་
རྗེ་བླ་མའི་སྐུ་ཚེ་བརྟན་པར་ཤོག །
རྗེ་བླ་མའི་མཛད་འཕྲིན་རྒྱས་པར་ཤོག །

རྗེ་བླ་མ་སྙན་གྲགས་རིན་པོ་ཆེ།།
མགོན་ཇོ་འབྲོམ་ཡབ་སྲས་གདུང་འཚོབ་རེད།།
ཞྭ་དམར་སེར་བསྟན་པའི་སྲོག་ཤིང་རེད།།
གནས་ཁ་བ་ཅན་གྱི་བླ་མ་རེད།།
ཨོ་་་་་་་་་་་ཨོ་་་་་་་་་་་
རྗེ་བླ་མའི་སྐུ་ཚེ་བརྟན་པར་ཤོག །
རྗེ་བླ་མའི་མཛད་འཕྲིན་རྒྱས་པར་ཤོག །

རྗེ་བླ་མ་འཛམ་གླིང་ཉི་མ་རེད།།
རྗེ་བླ་མ་མ་རིག་མུན་སེལ་རེད།།
རྗེའི་བྱིན་རླབས་སེམས་ལ་འཇུག་པར་ཤོག།
རྗེ་བླ་མ་ཡང་ཡང་མཇལ་བར་ཤོག།
ཨོ་་་་་་་་་་་ཨོ་་་་་་་་་་
རྗེ་བླ་མའི་སྐུ་ཚེ་བརྟན་པར་ཤོག །
རྗེ་བླ་མའི་མཛད་འཕྲིན་རྒྱས་པར་ཤོག །
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑