思念远方的母亲

歌手: 洛桑才让 • 专辑:2011年【心灵的呼唤】 • 发布时间:2022-11-13
编曲 : 洛桑才让
རྒྱང་རིང་གི་ཨ་མ་དྲན་སོང་།
ཚིག ལྷ་རྩེའི་ཁུ་བྱུག
དབྱངས ནམ་མཁའ།
ལེན་མཁན བློ་བཟང་ཚེ་རིང་།
རྒྱང་རིང་རི་བོའི་ཟོམ་དུ།།
སྤྲིན་དཀར་དལ་གྱིས་རྒྱུ་དུས།།
ལྷོ་ཕྱོགས་གངས་རིའི་ཕར་ནང་།།
རྒྱང་རིང་ཨ་མ་དྲན་སོང་།།
བསིལ་རླུང་ལྷོ་ལ་བསྐྱོད་དུས།།
མེ་ཏོག་དྲི་ཞིམ་འཐུལ་སོང་།།
ལྷོ་ཕྱོགས་ཞི་བདེའི་འགྲམ་དུ་།།
ཁ་བའི་མ་ཡུམ་དྲན་སོང་།།
ཚེ་ཆེན་ཅོ་ལྔའི་དུང་ཟླ།།
འཛུམ་ཟེར་མཚོ་ལ་ཕོག་དུས།།
རྒྱ་རིང་ཨ་མ་དྲན་པའི།།
གདུང་བ་གཞས་ལ་བསྐུར་ཡོད།།
སྣ་མའི་མེ་ཏོག་དཀར་པོ།།
མགོ་བོ་ལྷོ་ལ་ལྕོག་དུས།།
གངས་ལྗོངས་བརྩེ་བའི་ཨ་མ།།
ཞལ་རས་ཡིད་ལ་འཁོར་བྱུང་།།
གངས་རིའི་གཟི་འོད་རྒྱས་ཅིང་།།
ཆུ་བོའི་སྙན་གླུ་ལེན་དུས།།
གཞི་བྱེད་ལྷན་དུ་འཛོམས་ནས།།
དགའ་སྐྱིད་དགོས་སྒྲས་ཁྱབ་ཤོག།
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑