青稞穗间的卓玛

歌手: 桑旦正 • 专辑:好想想再见一面 • 发布时间:2022-12-10
编曲 : 桑旦正
ཞིང་སྙེ་མའི་བར་གྱི་སྒྲོལ་མ།
 ཚིག ཁྲི་ལུང་རྟོགས།
དབྱངས།བསང་གསེར་མིག
ལེན་མཁན་བསང་རྟ་མགྲིན།
དབྱར་ཐོན་ནས་ཆར་བ་བབས་ན།།
བྱ་ཁུ་ལོའི་གསུང་སྙན་སྒྲོགས་ཀི།
རྫ་མཐོན་པོ་སྨུག་པའི་དཀྲིས་ནས།།
སྤང་མེ་ཏོག་སེར་ཆེན་བཞད་ན།།
སྦྲ་ནག་པོའི་ནང་གི་སྒྲོལ་མ།།
ངའི་ཡིད་ལ་ཡང་ཡང་དྲན་གི།
དགུན་ཐོན་ནས་ཁ་བ་བབས་ན།།
ཙག་སེར་བུའི་སྡུག་རྩུབ་རྒོད་གི།
རྫ་མཐོན་པོའི་ཁ་དོག་འགྱུར་ནས།།
ཆུ་གཙང་པོར་འགྲམ་དར་ཆགས་ན།།
གླེང་མི་ཁའི་ནང་གི་སྒྲོལ་མ།།
ངའི་ཡིད་ལ་ཡང་ཡང་དྲན་གི།
སྟོན་ཐོན་ནས་ས་འདོག་འགྱུར་ན།།
བྱ་ཁྲུང་ཁྲུང་ལྷོ་ལ་བསྟར་གི།
ལོ་འབྲུ་དྲུག་མགོ་ལྕོག་ལྡེམ་ནས།།
ཤིང་ལོ་མ་སེར་པོར་གྱུར་ན།།
ཞིང་སྙེ་མའི་བར་གྱི་སྒྲོལ་མ།།
ངའི་ཡིད་ལ་ཡང་ཡང་དྲན་གི།
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑