我们的归宿

歌手: 比如扎西音乐圈 • 专辑:我们的归宿 • 发布时间:2023-02-04
编曲 : 比如扎西音乐圈
ང་ཚོའི་གཡང་ཁྱིམ།
~
ཚིག   སེར་ཤུལ་རབ་གསལ།
དབྱངས།  ཁམས་པ་ཤེས་རབ།
གཞས་མ།   བསོད་ནམས་དབང་སྒྲོན།
~
ཕ་ས་གངས་རིའི་ཞིང་ཁམས།།
རིན་ཆེན་ནོར་བུའི་མཛོད་རེད།།
གསེར་དངུལ་རི་ཆུ་ཆ་འགྲིག།
ང་དང་ཁྱེད་ཀྱི་རྟེན་རེད།།
~
ཕ་དང་མེས་པོའི་རིག་གཞུང་།།
ལེགས་བཤད་གཡུ་ཡི་མཚོ་རེད།།
མཚོ་སྙིང་དབྱངས་གསལ་ཆ་འགྲིག།
ང་དང་ཁྱེད་ཀྱི་རྒྱན་རེད།།
~
འཁོར་བའི་གཡང་ཁྱིམ་གྲུ་བཞི།
བདེ་སྐྱིད་འཚོ་བའི་གཞི་རེད།།
བྱམས་བརྩེའི་ཕ་མ་ཆ་འགྲིག།
ང་དང་ཁྱེད་ཀྱི་ལྷ་རེད།།
歌词滚动者:比如扎西
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑