难忘的你 Unforgettable you

歌手: 赤列平措 • 专辑:难忘的你 • 发布时间:2023-02-12
རྗེད་མེད་ཀྱི་ཁྱེད།
ཚིག འབྲི་བཙན་རྒོད།
དབྱངས། དཀོན་མཆོག་དར་རྒྱས།
ལེན་མཁན། འཕྲིན་ལས་ཕུན་ཚོགས།
ཤེས་རིག་འདབ་མ་རྒྱས་པའི་སྐྱིད་ཚལ་ནས།
རིག་པའི་རྦ་རླབས་འཕྱོ་བའི་རྐང་དྲུག་ཞིག།
ལས་དབང་གཅིག་གིས་ཟུམ་ནས་ལྷན་དུ་འཛོམས།
ཕུགས་བསམ་གཅིག་ལ་ཕྱོགས་ནས་དཔུང་བ་གཤིབས།
དགའ་སྐྱོ་འདྲེས་མའི་འཚོ་བའི་རླབས་རྒྱུན་ཁྲོད།
དགའ་དུས་སྐྱིད་པའི་དགོད་སྒྲ་མཉམ་དུ་གྱེར།
སྐྱོ་དུས་གདུང་བའི་མིག་ཆུ་ལྷན་དུ་བཏང་།
དགའ་སྐྱོ་འདྲེས་མའི་འཚོ་བ་ཁྱེད་དང་འགྲོགས།
སྐྱོ་དུས་གདུང་བའི་མིག་ཆུ་ལྷན་དུ་བཏང་།
དགའ་སྐྱོ་འདྲེས་མའི་འཚོ་བ་ཁྱེད་དང་འགྲོགས།
སྐྱེས་ནས་ཤི་བ་བཟློག་མེད་མི་རྟག་རྒྱུད།
འཛོམས་ནས་བྲལ་བ་ཆོས་ཉིད་ལས་ཀྱིས་བརྐོས།
འདུ་བྲལ་དབང་མེད་འཁོར་བའི་སོ་ཁ་འདིར།
བརྩེ་བའི་དུང་བ་བསུབ་མེད་རྡོ་ལ་བརྐོས།
བརྩེ་བའི་མཚོ་མོ་གཡོ་མེད་འཁྱིལ་ནས་ཡོད།
ལྷད་མེད་འཕྲིན་པ་རྒྱང་ནས་བསྐོར་ནས་ཡོད།
མ་འོངས་ཤེས་ཡོན་ཕྱུག་པའི་སྨོན་ལམ་དེ།
ལྷད་མེད་ངག་གི་གླུ་ཆུང་བླངས་ནས་ཡོད།
མ་འོངས་ཤེས་ཡོན་ཕྱུག་པའི་སྨོན་ལམ་དེ།
ལྷད་མེད་ངག་གི་གླུ་ཆུང་བླངས་ནས་ཡོད།
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑