启程

歌手: 才让东珠 • 专辑:启程 • 发布时间:2023-06-17
作曲 : 才让东珠
 编曲 : 才让东珠
 作词 : 岗华
ང་ཚོ་ཡར་ཡར་འགྲོ་དུས།
ཚིག་རྩོམ་མཁན། གངས་དཔལ།
དབྱངས་རྩོམ་མཁན། ཚེ་རིང་དོན་གྲུབ།
གཞས་མཁན། ཚེ་རིང་དོན་གྲུབ།
ང་ཚོ་གངས་རིའི་འདབས་ནས་ཡོང་བ།
གཙང་པོའི་འགྲམ་ནས་གྱེས་དགོས་བྱུང་སོང་།
ང་ཚོ་ཕ་མའི་སེམས་ནས་ཡོང་བ།
གཅེས་སེམས་བཞག་ནས་འགྲོ་དགོས་བྱུང་སོང་།
ལོ་ཟླའི་སྡིག་སྒྲིབ་བྲང་ལ་བསོགས་ནས།
ཟླ་བའི་འོད་ལ་ལག་པ་སྲོ་མཁན།
གཟུགས་བརྙན་བྱེ་མར་དཔར་བའི་ང་ཚོ།
སྐྱིད་སྡུག་འཐབ་པའི་རླུང་ལ་སྐྱེས་བྱུང་།
ཞེ་སྡེ་ལ་ཆགས་ནས་རྒྱང་ལ་བསྙེགས།
དྲིན་ཕ་མས་བུ་ཆུང་མ་འགྲོ་གསུང་།
ནང་ཕུ་ནུས་རྒྱལ་ཁམས་འགྲིམས་དགོས་གསུང་།
ཡིད་གདུང་བ་དྲིན་ཆེན་ཕ་མར་བཞག
བྱ་མཚོ་ནས་སྐྱེས་ཏེ་བྲག་ནས་རྒས།
རྟ་སྤང་ནས་སྐྱེས་ཏེ་ལམ་ནས་རྒས།
ཆགས་བཞག་ན་གན་གི་རང་བཞིན་རེད།
ང་ཚོའི་ཕ་མ་བྲག་སྟོད་མཐོན་པོ།
ང་ཚོ་ཐང་དཀར་བྲག་སྟོད་ནོར་བུ།
རྒྱུས་མེད་ཡུལ་ལ་སྨོན་དགོས་མེད་ཀྱང་།
གཤོག་པ་ཡོད་པས་འཕུར་དགོས་བསམ་བྱུང་།
དགུང་ཨ་སྔོན་ཟེར་ན་གཡེར་ཆེན་རེད།
རླུང་དམར་པོ་ཟེར་ན་དབང་ཆེན་རེད།
ལུས་གཤོག་དྲུག་བརྐྱང་ནས་འཕུར་ནི་ཚོ།
སེམས་སྨོན་པའི་ས་ཆ་གང་ན་ཡོད།
མཚོ་མེ་ལོང་འདྲ་བོ་ཁྱེད་ཀྱི་བསམ་པ་བྱོས།
བྲག་མདའ་སྒྲོ་འདྲ་བོ་ཁྱེད་ཀྱི་གནས་ཚང་བྱོས།
ཤིང་སྤོས་ཐུར་འདྲ་བོ་ཁྱེད་ཀྱི་དྲན་ཤིང་བྱོས།
ཤིང་སྤོས་ཐུར་འདྲ་བོ་ཁྱེད་ཀྱི་དྲན་ཤིང་བྱོས།
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑