喜来福

歌手: 贡曲塔杰 • 专辑:梦中的苏吡娜秀 • 发布时间:2022-09-08
作曲 : 贡曲塔杰
作词  西德尼玛
作曲  贡曲塔杰
原唱  贡曲塔杰
编曲 涂音音乐
扎念:土旦晋美
曼陀罗:根秋多杰
录混: 101 Studio小贝
དྲིན་ཕ་མ་ཟེར་ན་ཁྲ་ཡག་རྫ།
རྫ་ཁྲ་ཡག་ཕྱི་ཡག་ནང་ཕྱུག་ཡིན།
ཕྱི་ཡག་ཡག་བུ་དང་བུ་མོ་རེད།
ནང་ཕྱུག་ཕྱུག་བྱམས་དང་སྙིང་རྗེ་ཡིན།
རྫ་ཁྲ་ཡག་རྫ་རྐང་བརྟན་སོང་ན།
ངའི་སྐལ་བ་སྟོང་གི་རྒྱབ་རི་རེད།
རྫ་ཁྲ་ཡག་རྫ་རྐང་བརྟན་སོང་ན།
ངའི་སྐལ་བ་སྟོང་གི་རྒྱབ་རི་རེད།
སྟག་ཤར་བ་ཟེར་ན་གོར་མོ་རྡོ།
རྡོ་གོར་མོ་ཕྱི་འགྲིག་ནང་མཐུན་རེད།
ཕྱི་འགྲིག་འགྲིག་ཨ་ལོང་དགུ་སྐོར་རེད།
ནང་མཐུན་མཐུན་མེ་ལོང་རང་འགྲུབ་རེད།
རྡོ་གོར་མོའི་རྡོ་གཏིང་བརྟན་སོང་ན།
ནང་ཕུ་ནུའི་བསམ་དོན་རང་འགྲུབ་རེད།
རྡོ་གོར་མོའི་རྡོ་གཏིང་བརྟན་སོང་ན།
ནང་ཕུ་ནུའི་བསམ་དོན་རང་འགྲུབ་རེད།
སྨན་བུ་མོ་ཟེར་ན་གཙང་མོ་ཆུ།
ཆུ་གཙང་མོ་ཕྱི་གསལ་ནང་དཀར་ཡིན།
ཕྱི་གསལ་གསལ་བཅོ་ལྔའི་ཟླ་བ་རེད།
ནང་དཀར་དཀར་འོ་མའི་རང་མདངས་རེད།
ཆུ་གཙང་མོའི་བཞུར་རྒྱུན་མ་ཆད་ན།
ཁྱིམ་བཟའ་ཚང་སྐྱིད་ལ་གཡང་འཁོར་རེད།
ཆུ་གཙང་མོའི་བཞུར་རྒྱུན་མ་ཆད་ན།
ཁྱིམ་བཟའ་ཚང་སྐྱིད་ལ་གཡང་འཁོར་རེད།
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑