直孔贡次&次吉卓嘎新歌

歌手: 直孔贡次 • 专辑:一生的恋人 • 发布时间:2023-11-05
作词 : 直孔贡次
 作曲 : 直孔贡次
 编曲 : 直孔贡次
༄༅།། ཚེ་གཅིག་གི་སྙིང་གྲོགས།
ཚིག་གདངས། འབྲུག་པ།
ལེན་མཁན། འབྲི་གུང་དཀོན་ཚེ། ཚེ་སྐྱིད་སྒྲོལ་དཀར།

མཛེས་པའི་མེ་ཏོག་དམར་པོ།
དམན་ཆུང་ཁྱེད་རང་ལས་མེད།
སེམས་པ་ཕར་ལ་རོལ་རོལ།
དགའ་སེམས་ཚུལ་ལ་རོལ་རོལ།
ཧ་ལོའི་མེ་ཏོག་དམར་པོ།
སྟག་ཤར་ཁྱེད་རང་ལས་མེད།
སེམས་པ་ཕར་ལ་རོལ་རོལ།
དགའ་སེམས་ཚུར་ལ་རོལ་རོལ།
སེམས་དགའ་བའི་ཡིད་འོང་སྟག་ཤར་ཁྱེད།
ཁྱེད་ངེད་ཀྱི་ཚེ་གཅིག་སྙིང་གྲོགས་ཡིན།
གཅིག་སེམས་གཅིག་རུ་དགའ་བའི་སྙིང་གྲོགས་གཉིས།
དམ་ཚིག་གཙང་བའི་མེ་ཏོག་རོལ་རོལ།

རང་སེམས་དགའ་བའི་མེ་ཏོག་ཡིད་འོང་མ།
དབང་མེད་སེམས་པ་ཤིན་ཏུ་ཁྱེད་ལ་ཤོར།
ལྷག་བསམ་དྲི་མ་མེད་པའི་སྙིང་གྲོགས་མས།
དམ་ཚིག་གཙང་བའི་མེ་ཏོག་རོལ་རོལ།
སེམས་དགའ་བའི་ཡིད་འོང་སྟག་ཤར་ཁྱེད།
ཁྱེད་ངེད་ཀྱི་ཚེ་གཅིག་སྙིང་གྲོགས་ཡིན།

བུ་ཆུང་ལྷ་སྲས་སྲོང་གི་རྒྱལ་རྒྱུད་ཅིག
བུ་མོ་མེ་ཏོག་སྲོང་གི་རྒྱལ་རྒྱུད་ཅིག
ཡིད་བཞིན་ནོར་བུ་འདྲ་བའི་བུ་ཆུང་ཁྱེད།
ངེད་ཀྱི་རྨི་ལམ་ལན་གསུམ་འཁོར་ཡོད།
དམན་ཆུང་བུ་མོ་ལྷས་སྒྲོལ།
སྙིང་གྲོགས་ཁྱེད་རང་ལས་མེད།
སེམས་པ་ཕར་ལ་རོལ་རོལ།
དགའ་སེམས་ཚུར་ལ་རོལ་རོལ།
ནམ་མཁའི་སྐར་མ་དམར་པོ།
སྙིང་གྲོགས་ཁྱེད་རང་ལས་མེད།
སེམས་པ་ཕར་ལ་རོལ་རོལ།
དགའ་སེམས་ཚུར་ལ་རོལ་རོལ།
སེམས་པ་ཕར་ལ་རོལ་རོལ།
དགའ་སེམས་ཚུར་ལ་རོལ་རོལ།
སེམས་པ་ཕར་ལ་རོལ་རོལ།
དགའ་སེམས་ཚུར་ལ་རོལ་རོལ།
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑