跨越 伴奏

歌手: 那南多杰 • 专辑:跨越 • 发布时间:2023-11-20
作词 : 那南多杰
 作曲 : 曲杰
 编曲 : 曲杰
ཚིག ཎ་ནམ་རྡོ་རྗེ།
དབྱངས་།ཆོས་རྗེ།
ལེན་མཁན་ ཎ་ནམ་རྡོ་རྗེ།
རོལ་མོ། ཆོས་རྗེ།
སྒྲ་ལེན། ཉང་ཚང་པན་ཆེན།
སྒྲ་སྡེབ། འབྲུག་ཆུང་རྒྱལ།
༡དཱ་མ་རྩོད་། གངས་ཅན་པ།
༡དཱ་མ་ནོར། ཁ་བ་ཅན།
དཱ་ཁྱོད་ཀྱི་འདི་ཕྱི་མ་ནོར་དགོས།
དཱ་མ་བྲེལ། གདོང་དམར་བ།
དཱ་མ་འཆུག ཕ་བཟང་བུ།
དཱ་ཁྱོད་ཀྱི་དལ་འབྱོར་མ་བརླག་་དགོས།
རྟེན་འབྱུང་ལྟ་བའི་ས་ཞིང་འདི་ལ།
འཚེ་མེད་སྤྱོད་པའི་ཆུ་ལུད་འཕོག་ན།
རྫོགས་སངས་རྒྱས་ཀྱི་འབྲས་བུ་དཀོན་རུང་།
རང་ཉིད་གསལ་བའི་ལམ་ཞིག་ཡོད།
ལྷན་གཅིག་ཏུ་ཐོས་བསམ་བརྟེན།
མཉམ་གཅིག་ཏུ་རང་སེམས་འདུལ།
ཕྱི་དངོས་ཕྱུག་པའི་ཕྱུག་ལམ་མིན་རུང་།
ནང་སེམས་སྐྱིད་པའི་སྐྱིད་ལམ་ཡིན།
ཁྱེད་ད་མནར་སའི་བདག་འཛིན་དོ་ར་ན་ཡུན་དུ་བསྡད་ན།
དེ་ནས་བཟུང་ཁྱེད་ཀྱི་ཉོན་མོངས་སྔར་བཞིན་རྒྱས་སྲིད།
ང་སྐྱིད་སའི་བདག་མེད་རྩ་ཐང་ན་ཚུར་ལ་ཕེབས་ཤོག།
དེ་ནས་བཟུང་ཁྱོད་ཀྱི་རང་ཉིད་རང་གི་མཐོང་ཡོང་།
རང་། རང་གིས་བཅོས།
རང་། རང་གིས་འདུལ།
རང། རང་གི་ཐོས་བསམ་བརྟེན་ནས་མདུན་ལ་འགྲོ།
ཡབ་རྐྱེན་ངན་ བཀའ་དྲིན་ཆེ།
ཡུམ་སྡུག་བསྔལ་ སྐུ་ཚེ་རིང་།
ལམ་ཐར་པ་བསྩལ་མཁན་ཡབ་ཡུམ་མཆོད།
རྒན་དགྲ་བོ་ཁ་ལས་དགེ།
རྗེ་གནོད་བྱེད་བསམ་དོན་འགྲུབ།
དོན་གཏན་བདེ་བསྐྲུན་མཁན་ཁྱེད་གཉིས་བསྟོད།
ངའི་དད་པས་དད་པ་འདི་ལ་ཆོས་དད་ཟེར།
ངའི་དད་པས་དད་པ་འདི་ལ་ཆོས་དད་ཟེར།
ངའི་དད་པས་དད་པ་འདི་ལ་ཆོས་དད་ཟེར་ཡ་ཆོས་དད་ཟེར།
ཁྱོས་དད་པས་དད་པ་དེ་ལ་རྨོངས་དད་ཟེར།
ཁྱོས་དད་པས་དད་པ་དེ་ལ་རྨོངས་དད་ཟེར།
ཁྱོས་དད་པས་དད་པ་དེ་ལ་རྨོངས་དད་ཟེར་ཡ་རྨོངས་དད་རྨོངས་ཟེར།
འཛམ་གླིང་རིག་པས་སྒྲུབ་དུས།
དཀར་ནག་མི་རིགས་འཛོམས་པའི་དུས།
ཡིག་དབྱངས་གསལ་སོ་བཞིའི་ང་རོ་རྒོད་ནས།
ལུང་རྟོགས་བསྟན་པའི་གཟི་བརྗིད་འཆོར་བཞིན།
ཤེས་བདེའི་མཐོ་བོད་རྒྱུན་འཁྱོངས་བྱེད་ནས་འགྲོ།
རང་། རང་གིས་བཅོས།
རང་། རང་གིས་སྐྱོབས།
རང་། རང་གིས་ཉོན་མོངས་བསྒྲལ་ནས་མདུན་ལ་འགྲོ།
ནང་སེམས་ཅན་ཟིང་ན་ཟིང་།
ཕྱིའི་འཇིག་རྟེན་ནག་ན་ནག་
ཕོ་རང་གི་སྒྲོན་མེ་ཚེ་འབར་དགོས།
གཉེན་མཛའ་མོས་གཅེས་ཡང་རུང་།
སྡང་དགྲ་བོས་འཁོན་ཡང་ཆོག།
ཕོ་རང་གི་ཆགས་སྡང་མ་འབུར་ཞོག།
བསླབ་གསུམ་གཙོ་བོ་ཤེས་རབ་རལ་གྲིས།
འཇིག་རྟེན་རྒུད་རྐྱེན་མ་རིག་ཆོད་དང་།
རྫོགས་སངས་རྒྱས་ཀྱི་འབྲས་བུ་དཀོན་རུང་།
རང་ཉིད་གསལ་བའི་བའི་ལམ་ཞིག་ཡོད།
ལྷན་གཅིག་ཏུ་ཐོས་བསམ་བརྟེན།
མཉམ་གཅིག་ཏུ་རང་སེམས་འདུལ།
ཕྱི་དངོས་ཕྱུག་པའི་ཕྱུག་ལམ་མིན་རུང་།
ནང་སེམས་སྐྱིད་པའི་སྐྱིད་ལམ་ཡིན།
ལྷན་གཅིག་ཏུ་ཐོས་བསམ་བརྟེན།
མཉམ་གཅིག་ཏུ་རང་སེམས་འདུལ།
ཉི་མ་སུམ་ཁྲའི་མི་ཚེའི་མི་སེམས།
འདུ་ཕུང་དྲུག་པོའི་གཡོག་ཏུ་མ་ཚུད།
ཁྱོད་མནར་སའི་མ་རིག་མུན་ཁུང་ན་ཡུན་དུ་བསྡད་ན།
དེ་ནས་བཟུང་ཁྱེད་ཀྱི་ཁུར་པོ་སྔར་བཞིན་ལྗིད་སྲིད།
ང་སྐྱིད་སའི་བདག་མེད་རྩ་ཐང་ན་ཚུར་ལ་ཕེབས་ཤོག།
དེ་ནས་བཟུང་ཁྱོད་ཀྱི་རང་ཉིད་རང་གི་མཐོང་ཡོང་།
ང་སྐྱིད་སའི་བདག་མེད་རྩ་ཐང་ན་ཚུར་ལ་ཕེབས་ཤོག།
དེ་ནས་བཟུང་ཁྱོད་ཀྱི་རང་ཉིད་རང་གི་མཐོང་ཡོང་།
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑