罗普玛

歌手: 热振·格桑 画师白玛 • 专辑:罗布玛 • 发布时间:2024-01-15
作曲 : 热振·格桑
 作词 : 杂酷秋
热振格桑:
སྟོན་ཁའི་ཟླ་བ་འདྲ་བའི་ཞལ་ཡག་མ།
ཨོ། དབྱར་དྲུག་མེ་ཏོག་ལྟ་བུའི་སྐྱེས་ཡག་མ།
ལུག་མོའི་བལ་ཁ་འདྲ་བའི་གཤིས་འཇམ་མ།
ཨོ། བདག་གི་སེམས་ལ་ལྷུང་བའི་འབྲོག་ཕྲུག་མ།
ཨོ། གཡང་དཀར་ལུག་ཁྱུ་དེད་ནས།
ཡ་གིའི་རི་ལ་ཤོག་དང་།
བརྩེ་བའི་སྙིང་གཏམ་བཤད་ཞོར།
ལུག་ཁྱུ་མཉམ་དུ་འཚོ་ཤོག
画师白玛:
དཔྱིད་ཀྱི་ཁུ་བྱུག་འདྲ་བའི་སྐད་སྙན་མ།
ཨོ། ལྗོན་བསང་ཙན་དན་ལྟ་བུའི་དྲི་ལྡན་མ།
དགུན་གསུམ་ཁ་བ་ལྟ་བུའི་སེམས་དཀར་མ།
ཨོ། བདག་གི་སེམས་ལ་འཁྲུངས་པའི་ནོར་བུ་མ།
ཨོ། རྒྱབ་ཏུ་ཆུ་ཟོ་ཁུར་ནས།
ཆུ་བོའི་འགྲམ་དུ་ཤོག་དང་།
འདང་ཆེན་བྱུ་རུའི་ཕྲེང་བ།
དགའ་བའི་མཚོན་རྟགས་ཕུལ་ཆོག
合:
དཔྱིད་ཀྱི་ཁུ་བྱུག་འདྲ་བའི་སྐད་སྙན་མ།
ཨོ། ལྗོན་བསང་ཙན་དན་ལྟ་བུའི་དྲི་ལྡན་མ།
དགུན་གསུམ་ཁ་བ་ལྟ་བུའི་སེམས་དཀར་མ།
ཨོ། བདག་གི་སེམས་ལ་འཁྲུངས་པའི་ནོར་བུ་མ།
ཨོ། རྒྱབ་ཏུ་ཆུ་ཟོ་ཁུར་ནས།
ཆུ་བོའི་འགྲམ་དུ་ཤོག་དང་།
འདང་ཆེན་བྱུ་རུའི་ཕྲེང་བ།
དགའ་བའི་མཚོན་རྟགས་ཕུལ་ཆོག
ཨོ། རྒྱབ་ཏུ་ཆུ་ཟོ་ཁུར་ནས།
ཆུ་བོའི་འགྲམ་དུ་ཤོག་དང་།
འདང་ཆེན་བྱུ་རུའི་ཕྲེང་བ།
དགའ་བའི་མཚོན་རྟགས་ཕུལ་ཆོག
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑