勇敢的心

歌手: 根呷 • 专辑:源头音符 • 发布时间:2024-01-22
作词 : 岗华
 作曲 : 三智才让
源头音符推广宣传
ལོ་གཞོན་དུས་ཚང་མར་རང་སྣང་ཆེ།།
སྤྲིན་དཀར་པོ་གོས་སུ་གོན་ན་འདོད།།
དགུང་ཉི་ཟླར་གླུ་རེ་བླངས་ན་བསམ།།
འབྲུག་ཕོ་ཆུང་ཐུགས་སུ་འཇོག་ན་འདོད།།
ལས་ཅི་བྱས་འགྲིག་མིན་མི་ཤེས་མོད།།
འགྲིག་མེད་ས་ཡོད་ན་དགོངས་དག་ཞུ།།

ལོ་གཞོན་དུས་ཚང་མར་རང་སྣང་ཆེ།།
དགུང་ཨ་སྔོན་མགོ་སྦྲ་ཡིན་ན་འདོད།།
རི་མཐོན་པོ་དཔུང་རོགས་ཡིན་ན་བསམ།།
ཆུ་རྨ་ཆུ་ཧུབ་ཀྱིས་འཐུང་ན་འདོད།།
ལས་ཅི་བྱས་འགྲིག་མིན་མི་ཤེས་མོད།།
འགྲིག་མེད་ས་ཡོད་ན་དགོངས་དག་ཞུ།།

ལོ་གཞོན་དུས་སྣང་བ་སྐྱི་བསེར་རླུང་།།
རླུང་བསེར་བུ་བློ་མེད་འཇོག་མེད་རེད།།
རླུང་གང་ལ་གཡུགས་ཡོད་ཆ་མེད་རེད།།
ཆ་ཡོད་མེད་ཚིག་ལ་དགོངས་དག་ཞུ།།
སེམས་གངས་དཀར་ངོས་ཀྱི་རྡུལ་དག་ཤོག།།
ཐུགས་མཐའ་ཡས་ནམ་མཁའི་གཡའ་དག་ཤོག།།
སེམས་གངས་དཀར་ངོས་ཀྱི་རྡུལ་དག་ཤོག།།
ཐུགས་མཐའ་ཡས་ནམ་མཁའི་གཡའ་དག་ཤོག།།
ཐུགས་མཐའ་ཡས་ནམ་མཁའི་གཡའ་དག་ཤོག།།
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑