可爱的故乡

歌手: 源头音符 • 专辑:源头音符 • 发布时间:2024-01-22
编曲 : 源头音符
源头音符推广宣传
བརྩེ་བའི་ཕ་ཡུལ།
ཚིག། བློ་འཇམ་དབྱངས།
དབྱངས། དམངས་ཁྲོད།
ཀུན་དགའ།
གངས་དཀར་རི་བོའི་འདབས་མ་རྒྱན་སའི་ཡུལ།
ཆུ་བོ་རྨ་འབྲུ་རྫ་གསུམ་འབབ་སའི་ཡུལ།
ནགས་རི་ཤུག་རི་རྫ་རི་དར་སའི་ཡུལ།
ས་ཆ་འདི་ནི་ང་ཡི་ཕ་ཡུལ་རེད།
ནགས་རི་ཤུག་རི་རྫ་རི་དར་སའི་ཡུལ།
ས་ཆ་འདི་ནི་ང་ཡི་ཕ་ཡུལ་རེད།

རྩྭ་ལ་རྩི་ཐོག་མེ་ཏོག་འཁྲུངས་སའི་ཡུལ།
སྦྲ་ནག་གྲི་བཞི་འགྲོ་སའི་ཡུལ།
རྟ་ནག་ལུག་གསུམ་འཕེལ་ཁ་དར་སའི་ཡུལ།
ས་ཆ་འདི་ནི་ང་ཡི་ཕ་ཡུལ་རེད།
རྟ་ནག་ལུག་གསུམ་འཕེལ་ཁ་དར་སའི་ཡུལ།
ས་ཆ་འདི་ནི་ང་ཡི་ཕ་ཡུལ་རེད།

བྱ་དང་བྱེའུ་བརྩེད་འཇོར་རོལ་སའི་ཡུལ།
བུ་དང་བུ་མོ་བརྩེ་གླུ་ལེན་སའི་ཡུལ།
དགའ་དང་སྤྲོལ་བའི་ཞབས་བྲོ་འཁྲབ་སའི་ཡུལ།
ས་ཆ་འདི་ནི་ང་ཡི་ཕ་ཡུལ་རེད།
དགའ་དང་སྤྲོལ་བའི་ཞབས་བྲོ་འཁྲབ་སའི་ཡུལ།
ས་ཆ་འདི་ནི་ང་ཡི་ཕ་ཡུལ་རེད།
དགའ་དང་སྤྲོལ་བའི་ཞབས་བྲོ་འཁྲབ་སའི་ཡུལ།
ས་ཆ་འདི་ནི་ང་ཡི་ཕ་ཡུལ་རེད།
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑