岗日布姆Final++

歌手: 杨秀措 • 专辑:岗日布姆 • 发布时间:2024-02-09
编曲 : 王乐汀
གངས་རིའི་བུ་མོ།
གཞས་ཚིག    རུས་པ།
གཞས་དབྱངས།  འཇམ་དབྱངས་བསྟན་འཛིན།
གཞས་མ།     གཡང་ཕྱུག་མཚོ།
སྤོབས་ཆེན་གངས་ལ་བཏབ་ནས།།
འོད་ཀྱི་གཤོག་པ་བརྐྱངས་སོང་།།
ནམ་ས་ཡངས་མོའི་མཐོངས་ལ།།
རྟིང་མའི་རྒྱལ་མཚན་ཕྱར་སོང་།།

ཡང་ཆུང་ལུ་གུའི་ཚར་ཡགས།།
ཞེ་ཆུང་མེ་ཏོག་འཁྲུངས་ཡགས།།
གོས་ཆེན་གསེར་མ་འདྲ་བ།།
གངས་རིའི་བུ་མོ་ཁྱེད་ཡིན།།

ལང་ཚོའི་རྨི་ལམ་འབྲི་བཞིན།།
རྒྱལ་ཁམས་ལྷོད་ཀྱིས་འགྲིམ་ཞིང་།།
འཛམ་གླིང་རྩེ་མོའི་ཏོག་ལ།།
གངས་རིའི་ཞབས་རྗེས་ཕབ་སོང་།།

ཕ་མའི་སྙིང་གི་ཚི་གུ།
བུ་མོ་གཞན་དང་མི་འདྲ།།
ཚོ་ཆེན་ལྷ་སྡེ་དཀར་པོའི།།
སྨན་ཤར་སྟོང་གི་གཙུག་གཡུ།།

ས་ཆེན་གནོན་པའི་རྒོད་གཤིས།།
བྲེ་སེར་འབྲོང་གིས་གནང་ཡོད།།
རི་ཆུ་གཏད་པའི་བང་རྩལ།།
རྐྱང་རྒོད་གཡེར་བས་བསྩལ་ཡོད།།
༦
ང་ཚོ་གཅིག་ལ་བསྒྲིལ་ཤོག།
ང་ཚོ་གཉིས་ལ་བསྒྲིལ་ཤོག།
ང་ཚོ་གངས་རིའི་བུ་མོའི།།
ལ་རྒྱའི་དཔུང་ལ་བསྒྲིལ་ཤོག
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑