谢旦 和平王子

歌手: 源头音符 • 专辑:源头音符 • 发布时间:2024-01-22
编曲 : 源头音符
源头音符推广宣传
ཞི་བདེའི་རྒྱལ་སྲས།
ཚིག མཆོད་བརྟན་ཐར།
དབྱངས། ཤེར་བསྟན།
ལེན་མཁན། ཤེར་བསྟན།
ལང་ཚོ་ཨ་མདོ་ནས་འཁྲུངས་ཀྱང་།
ཞབས་རྗེས་དབུས་གཙང་ལ་བཀོད་པ།
འཛད་འཕྲིན་འཕགས་ཡུལ་རྒྱས་པའི།
ཞི་བདེའི་རྒྱས་སྲས་ཁྱོད་དྲན་གི
*** *** ***
གསེར་དངུལ་གཡུ་བྱུར་གྱི་རྒྱན་ཆ།
སྟག་གཟིག་ཝ་སྲམ་གྱིས་ཤོམ་པའི།
ཆོས་ལྡན་མི་རིགས་འདི་མི་མཛའ།
གསུང་བའི་བཀའ་སློབ་ཡང་དྲན་གི
*** *** ***
ནང་མི་མཐུན་སྒྲིལ་གྱིས་ངང་ནས།
སྲོལ་དང་སྐད་ཡིག་དེ་བསྐྱང་ནས།
མི་རིང་རེ་འདུན་གྱི་ཉི་འོད།
ཤར་ཡོང་གསུང་བ་དེ་དྲན་གི
*** *** ***
ཁྱེད་ནི་མགོ་ཐོག་གི་ཉི་མ།
ཁྱེད་ནི་སེམས་ནང་གི་ཕ་མ།
ཁྱེད་ནི་བྱམས་ལྡན་གྱི་བླ་མ།
ཁྱེད་ཉིད་བརྗེད་ཐབས་ཞིག་མི་འདུག
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑