故土

歌手: 嘎唐尕 • 专辑:虎年吉祥 • 发布时间:2024-02-28
作词 : leisure
ཕ་ས།
故土
གཞས་ཚིག།སྨྲ།
歌词:亇
གཞས་གཏོང་མཁན།ནོར་བུ་ཚེ་རིང་།གཅོད་མོ་ཐར།
主唱:诺日才让 角毛太
རོལ་མོ་སྡེབ་སྒྲིག་དང་སྒྲ་ལེན་པ།ས་ཆེན་འཇིགས་མེད།
配乐和录音:萨尼久美
སྒྲ་ཞིབ་སྦྱོར།ཤེར་བྷ།
音调制:谢尔巴
བརྙན་སྒྲིག་བཟོ།ནག་བཟའ་རིན་ཆེན།
影视制作:萨尼仁青
རོལ་མོ་སྤྱིའི་ལྟ་སྐུལ་བ།སྨྲ།
音乐总监:亇
རྒྱུས་མེད་གནམ་གྱི་སྤྲིན་དཀར་འོག་ཏུ་བདག་གི་ཕ་ཡུལ་རྒྱང་ན་གནས།།
陌生天空的白云下,遥遥我的故乡,
རྒས་མེད་སེམས་ཀྱི་གཏིང་མཐའ་འདི་གོ་དུང་གི་རུས་པ་བསྟིམ་ས་ཡིན།།
心无老,心无深渊。
ཕྱོགས་སུ་འཐོར་བའི་ཡུལ་མི་ཚོ་དང་དྲགས་ཏུ་འཕྱོ་བའི་བརྩེ་གདུང་གིས།།
与失散的乡亲们激荡的感情,
སྙིང་ལ་ལྷུང་བའི་མཆི་མ་རེ་རེ་སེམས་པའི་ནང་གི་རྡོག་ཁྲེས་ཡིན།།
每一滴落在心上的泪,都是心灵里的包袱,
ཕ་ཡུལ་ཁྲག་རྩའི་སྦུབས་སུ་འཚང་ཡོད་དབུགས་ཀྱི་རྒྱུ་བར་ཐུག་ཡོད།
家乡血管里堵着,气促着,
རྒྱང་རིང་ཆུ་འཛིན་འཁྲིགས་པའི་རབ་ཁ་རུ།
远水漫漫渡口。
 ཡིད་འོང་སྙིང་གི་འཁོར་བ་ཆེ་བ་ལ།།
好美心轮回多大,
བྱང་ཁོག་དགུ་ཚིགས་རིང་མོའི་བར་རིམ་དུ།།
在躯干银河的中层,
གདུང་བ་མཆི་མའི་གཙང་ཆུ་སེམས་སུ་བྲུགས།།
泪河涌上心头,
གང་ནས་བསྡད་ཀྱང་ཕ་ཡུལ་སེམས་ལ་འཁོར།།
无论住在哪里,都牵挂着家乡。
འཁོར་ཞིང་འཁོར་མོད་སྐྱོ་བ་ལང་ལོང་འཁྲིགས།།
虽然轮回,却有阵阵悲伤,
ས་འདིར་བརྩེ་གདུང་དཀྲོལ་བའི་རི་ཆུ་དང་།།
在这弹奏爱情的山水,
ལས་ཀྱིས་བསྐོས་པ་ཆུ་མོ་བསིལ་བསིལ་བཞུར།།
命中注定流水清凉,
སེམས་པའི་ནམ་མཁའ་གཡོ་བའི་སྟེང་འོག་ཏུ།།
在心灵的虚空上下,
ང་ནི་ཆགས་སྡང་ཆེ་བའི་མི་ཞིག་སྟེ།།
我是一个充满爱恨的人,
ཁྱོད་ཀྱི་བརྩེ་བའི་རབ་ཁ་མཐའ་བརྒྱད་ལ།།
在你爱的八方,
བརྒལ་ཏེ་སྙིང་གི་ནོར་བུ་ཁྲེལ་ལ་བཅོལ།།
过身去把心中的宝贝托付给羞耻,
མི་ཚེ་གར་བསྐྱེལ་ས་ལ་ཕ་ཡུལ་འདྲ་ལེ་མི་འདུག
度过一生的地方不像家乡。
སེམས་པ་ཤིན་ཏུ་ཆུང་བའི་ནང་རོལ་ཏུ་ཆེན་པོའི་འཁོར་བ་དབང་གིས་བསྒྱུར་བའི་དགའ་སྐྱོ་ཆུད་ཐུབ།
很小的心可以容纳大的轮回所改变的喜怒哀乐。
མི་ཚེ་རབ་ཏུ་ཐུང་བའི་ནང་རོལ་དུ་ཡིད་ཀྱི་དྲན་པར་བརྩེ་ཞེན་འཕྱུར་བའི་ན་ཟུག་མྱངས་ཐུབ། ཕ་ཡུལ་ལགས།
在人生的短暂里,可以体会到意念涌动爱意的疼痛,故乡!
ཁྱོད་རིག་ན་སེམས་ཀྱི་ན་གཞུང་ལ་ལྷུང་བའི་སྨུག་པ་དྭངས་སེ།
看到你,心头的雾霭就会散去。
ཁྱོད་དྲན་ན་མིག་གི་གཞི་རྒྱུད་དུ་བསྐོར་བའི་མཆི་མ་ཉིལ་ལེ།
想到你,眼睛周围的泪汪汪。
ས་གར་སོང་བརྗེད་མེད་ཀྱི་ཕ་ཡུལ་ལགས་སེམས་གངས་དཀར་གཏིང་ན་ཡོད།
念念不忘的老家,心在白雪深处。
རི་རྩེ་གཡོགས་པའི་རྒོད་པོ་དེ་ཡིས་ཉི་ཟླ་བསྐྱུར་ནས་གང་ལ་འཕུར།།
那披上山顶的雄鹰,放弃日月,飞向何方?
བརྟན་བརླིང་གཡོ་བའི་འབྲོང་ཁྱུ་དེ་ཡིས་གནམ་ས་ཕྱེ་ནས་གང་ལ་གཤར།།
那群稳定摇摆的野牛,把天地敞开在那里。
རླུང་ལ་འཁྲུལ་བའི་རྟ་བོ་ཁྱུ་གཅིག་རྔོག་མདུད་ཁྲིགས་ཁྲིགས་གང་ལ་ཞོགས།
把一群误入歧途的骏马,搭在满满一圈鬃毛结上。
མེ་ཏོག་སིལ་མ་ཆུ་ལ་གཏོང་གིན་སྤང་སྟོད་ལུག་ཁྱུ་གང་ལ་འཁོར།།
散花放水中羊群归草原,
རི་ཟོམ་རེ་ན་སྙིང་རྗེ་བསྲུང་བའི་ཡིད་ཀྱི་ཐང་ཞེང་ཆེན་པོ་འདི།།
山桶里守护慈悲心的大平原,
རྣམ་ཤེས་ཕྲ་མོའི་ནང་ལ་བརྒྱུས་པའི་ཞེན་ཆགས་ཁོ་ན་ཕ་ཡུལ་ཡིན།།
只有流淌在灵魂深处的眷恋才是故乡。
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑