一切命运安排

歌手: 比如扎西音乐圈 • 专辑:一切命运安排 • 发布时间:2024-04-15
编曲 : 比如扎西音乐圈
ཡོད་ཚད་ལས་རེད།

ཚིག མགོན་པོ་དོན་འགྲུབ།

དབྱངས། བསྟན་དགའ།

གཞས་པ། བསྟན་དགའ།

འཁོར་བ་སྐྱིད་རུང་སྡུག་རུང་།།
ང་ཚོ་ཐེངས་གཅིག་མགྲོན་པོ།།
འཚོ་བ་བཟང་རུང་ངན་རུང་།།
ལས་ཀྱི་བསྐོས་ཐང་ཞིག་རེད།།

བཟའ་མི་དགའ་རེས་འཛིང་རེས།།
མི་ཚེའི་གཏན་གྲོགས་ཞིག་རེད།།
འཇིག་རྟེན་འཁོར་བའི་ལས་དབང་།།
ཐོད་པའི་ཁ་ཡིག་ཙམ་རེད།།

མི་ཚེ་རིང་ན་ཐུང་ན།།
ཕ་མས་གནང་བའི་དྲིན་རེད།།
སྐྱེ་བ་ཡག་ན་བཙོག་ན།།
མི་ལུས་རིན་ཆེན་གསེར་རེད།།

རང་དོན་འགྲུབ་རུང་མ་འགྲུབ།།
གཞན་སྐྱོན་གླེང་བ་མི་དགོས།།
འཇིག་རྟེན་འཁོར་བ་ཟེར་བ།།
ཡུན་ཐུང་རྨི་ལམ་ཙམ་རེད།།
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑