言语

歌手: 甘加才昂本 • 专辑:言语 • 发布时间:2024-04-30
  སྐད་ཆ།
     ཁྲི་ལུང་རྟོགས།
མི་སེམས་འཁྱག་གི་འཇུག་ན་སྐད་ཆ་རེད།།
མི་སེམས་དྲོད་ལ་འགུག་ན་སྐད་ཆ་རེད།།
སྐད་ཆ་མི་སེམས་གསོ་བའི་བདུད་རྩི་རེད།།
སྐད་ཆ་མི་སེམས་གསོད་པའི་རལ་གྲི་རེད།།
མི་འདི་དཀར་པོའི་གཏོང་ན་སྐད་ཆ་རེད།།
མི་འདི་ནག་པོར་བསྒྱུར་ན་སྐད་ཆ་རེད།།
སྐད་ཆའི་མི་ཡི་རང་གཤིས་རྗེན་པར་སྟོན།།
སྐད་ཆའི་མི་ཡི་ལས་དབང་ཁད་ཀྱིས་བསྒྱུར།།
མི་འདི་ཡར་ལ་འཇོག་ན་སྐད་ཆ་རེད།།
མི་འདི་མར་ལ་གཡུག་ན་སྐད་ཆ་རེད།།
སྐད་ཆ་གཅིག་གིས་རྒྱལ་ཁམས་ཤིག་ཤིག་འདར།།
སྐད་ཆ་གཅིག་གིས་འཛམ་གླིང་ཡོམ་ཡོམ་སྒུལ།།
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑