相配

歌手: 谢旦 东生 • 专辑:相配 • 发布时间:2024-07-08
作词 : 丁增森格
 作曲 : 嘎多吉扎巴
 编曲 : 谢尔巴
ཆ་འགྲིག་ཡག་པ།
གཞས་ཚིག བསྟན་འཛིན་སེང་གེ།
དབྱངས་ མགར་རྡོ་རྗེ་གྲགས་པ།
ལན་མཁནཤེར་བསྟན་དང་དོན་སེང།

གངས་ལ་གངས་ཆུ་ཡག་པ།
གངས་ཆབ་ཟིལ་མ་ཡོད་རེད།
གངས་དང་གངས་ཆུ་ཆ་འགྲིག།
ང་ཚོ་བོད་ལ་ཡོད་རེད།
སྤང་ལ་སྤང་ལྗོངས་མཛེས་པ།
སྤང་རྒྱན་མེ་ཏོག་ལ་ཡོད་རེད།
སྤང་དང་མེ་ཏོག་ལ་ཆ་འགྲིག།
ང་ཚོ་བོད་ལ་ཡོད་རེད།

མི་ལ་མི་གཤིས་ཡག་པ།
མི་རྒྱུད་བྱམས་བརྩེ་ཡོད་རེད།
མི་དང་བྱམས་བརྩེ་ཆ་འགྲིག།
ང་ཚོ་བོད་ལ་ཡོད་རེད།
ལས་ལ་ལས་འཕྲོ་བཟང་བ་དེ།
ལས་སྨོན་རྟེན་འབྲེལ་ཡོད་རེད།
ལས་དང་སྨོན་ལམ་ཆ་འགྲིག།
ང་ཚོ་བོད་ལ་ཡོད་རེད།

གཞས་ལ་གཞས་ཚིག་ཡག་པ།
བཀྲ་ཤེས་ཁ་གཡང་ཡོད་རེད།
གཞས་དང་སྨོན་ཚིག་ཆ་འགྲིག།
ང་ཚོ་བོད་ལ་ཡོད་རེད།
སྒྲུང་ལ་སྒྲུང་རབས་ཟབ་པ།
གེ་སར་སྒྲུང་གླུ་ཡོད་རེད།
སྒྲུང་དང་སྒྲུང་གླུ་ཆ་འགྲིག།
ང་ཚོ་བོད་ལ་ཡོད་རེད།

ཨོ་་་་ཧོ་ཧོ་ཧོ
སྤང་མེ་ཏོག།
ང་ཚོ་བོད་ལ་ཡོད།
གངས་དང་གངས་ཆུ།
ང་ཚོ་བོད་ལ་ཡོད།
གངས་དང་གངས་ཆུ།
མི་དང་བྱམས་བརྩེ་ཡོད།
ལས་དང་སྨོན་ལམ་ཡོད།
གཞས་དང་གཞས་ཚིག་ཡོད།
ང་ཚོ་བོད་ལ་ཡོད།
གཞས་ཚིག་ལེགས་སྒྲིག་བྱེད་མཁན་གཞས་པ་ཁང་བྷོའི་སྤྱི་སྟེགས།
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑