吉祥之韵

歌手: 杨吉 闹杨 • 专辑:吉祥之韵 • 发布时间:2024-08-14
作词 : 多旦加
作曲 : 岗贡加
བཀྲ་ཤིས་ནོར་བུ་སུམ་འཛོམས།
吉祥之韵

ཚིགརི་ཕྱོར་བ་སྟོབས་ལྡན་རྒྱལ།
词 多旦加
དབྱངས། གངས་མགོན་རྒྱལ།
曲岗贡加
ལེན་མཁན། གཡང་སྐྱིད། ནོར་གཡང་།
原唱 杨吉 闹杨
གཡུ་བྱུར་ཤག་སེ་འཛུམ་ཆུང་ཅིག་གེ་སྐྱེ་གཟུགས་སྨྱུག་མ་ལྡེམ་ལྡེམ།
རྐེད་པ་འཁྱུག་སེ་རྡོག་བྲོ་ཐག་སེེ་སྟངས་སྟབས་ཕྲ་མོ་འཁྱུག་འཁྱུག
དྲིལ་ཆུང་སིལ་སིལ་སག་ལྷམ་ཐག་ཐག་ལག་རྡང་ཨ་ལོང་ཤིག་ཤིག
གླུ་ཆུང་སིང་སིང་དགོད་སྒྲ་ལྷང་ལྷང་སྐྱིད་པའི་གཞས་ར་མཛེས་མཛེས།
གཡས་སྐོར་དུང་དཀར་གཡས་འཁྱིལ།
གཡོན་སྐོར་ནོར་བུ་ཆ་བདུན།
གཡས་ལ་འཁོར་ཤོག
གཡོན་ལ་འཆམ་ཤོག
སྐོར་བ་བྲོ་ཡིས་རྒྱོབ་ཤོག
ཞལ་རས་ལམ་ལམ་སྐྲ་ལོ་ཀྲིག་ཀྲིག་སྒེག་ཉམས་ཟུར་མིག་འཛུམ་འཛུམ།
དཔུང་བ་ལྷེམ་ལྷེམ་སྒལ་བ་ཉིག་ཉིག་ལང་ཚོའི་ཟིལ་ཤུགས་ལྷང་ལྷང་།
གོམ་ཆུང་ཀྱུག་སེ་དབུ་རྒྱན་ལྷེམ་མེ་བརྩེ་བའི་སྙིང་གཏམ་ཤུབ་ཤུབ།
ཁྲོམ་པ་འུར་འུར་གར་སྟབས་ལང་ལོང་དགའ་བའི་འདུ་ར་སྐྱིད་སྐྱིད།
གཡས་སྐོར་སྟག་སེང་ཁ་སྤྲོད།
གཡོན་སྐོར་རྨ་འབྲུག་ཆ་འགྲིག
གཡས་ལ་འཁོར་ཤོག
གཡོན་ལ་འཆམ་ཤོག
སྐོར་བ་བྲོ་ཡིས་རྒྱོབ་ཤོག
ལག་ཟུང་འཁྱུག་གེ་ཕུ་ཐུང་ཤག་གེ་ལྡེམ་མྱུར་གློག་ཞག་འཁྱིལ་འཁྱིལ།
སོག་པ་ལེབ་སེ་བྲང་ཁ་ལྡིར་སེ་རྒོད་པོའི་གོམ་འགྲོས་བརྗིད་བརྗིད།
ན་ཟླ་འཛོམས་སེ་ནང་མི་འདུས་པའི་བསླུ་མེད་སེམས་པ་དཀར་དཀར།
གཞས་ར་སྤྲོ་སྤྲོ་མི་ཚོགས་ལང་ལོང་བཀྲ་ཤིས་རྟེན་འབྲེལ་ཡག་ཡག
གཡས་སྐོར་རྒྱལ་སྲིད་སྣ་བདུན།
གཡོན་སྐོར་མཐུན་པ་སྤུན་བཞི།
གཡས་ལ་འཁོར་ཤོག
གཡོན་ལ་འཆམ་ཤོག
སྐོར་བ་བྲོ་ཡིས་རྒྱོབ་ཤོག
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑