普措卓玛(卡达.普措多加

歌手: 曲鹰松保 • 专辑:美妙旋律藏音 • 发布时间:2022-11-06
ཁྱེད་དང་བྲལ་ནས་ལོ་མང་ཆས་སོང་།,
ད་དུང་ཁྱེད་རང་ནམ་རྒྱུན་སེམས་ནང་དྲན།,
བརྗེད་པར་དཀའ་བའི་མི་ཚེའི་འགྲོ་ལམ་ནང་།,
ཁྱེད་ནི་ང་ཡི་སེམས་ཀྱི་དཀྱིལ་ན་ཡོད།,
ངའི་བརྩེ་བའི་ཕུན་ཚོགས་སྒྲོལ་མ་ལགས།,
མདང་དགོང་ང་གཉིས་ཁ་པར་ནང་ལ།,
ཁྱེད་རང་སྐྱོ་བའི་སེམས་ནང་ཐུག་པའི་ཚེ།,
ཡ་ཆུང་སྙིང་ལ་ན་ཟུག་ཚད་མེད་གཏོང་།,
ཁྲ་ཆུང་མིག་ཏུ་མཆི་མ་སླར་ཡང་འཁོར།,
ངའི་བརྩེ་བའི་ཕུན་ཚོགས་སྒྲོལ་མ་ལགས།,
སེམས་སྐྱོ་བའི་ན་ཟུག་ཁོག་ནས་ཡལ་ཐབས་མེད།,
ང་ཡི་མི་ཚེ་ཁྱེད་ལ་འབུལ།,
ཐག་རིང་གི་མཛའ་མོ།ཐག་རིང་གི་སྙིང་སྡུག།,
ཁྱེད་ནི་ང་ཡི་མ་འོངས་ཚེ་གྲོགས་ཡིན།,
བུ་མོ་ཁྱེད་ཀྱི་སེམས་སྐྱོ་བའི་སྙིང་གཏམ།,
ད་དུང་ང་ཡི་སེམས་ནང་ལྷང་ལྷང་དྲན།,
ཁྱེད་དང་ང་གཉིས་ཁ་བྲལ་དུས་ལ།
ཁྱེད་ཀྱིས་ང་ལ་ཕྱག་ཡོང་ལན་གསུམ་བྱས།,
གསུབ་ཐབས་མེད་པའི་སེམས་ལ་ན་ཟུག་བྱུང་།
གསུབ་ཐབས་མེད་པའི་མིག་ནང་མཆི་མ་འཁོར།,
ངའི་བརྩེ་བའི་ཕུན་ཚོགས་སྒྲོལ་དཀར་ལགས།,
ནམ་ཞིག་ང་གཉིས་མཉམ་འཛོམས་བྱུང་ན,
སླར་ཡང་འཕྲད་དགོས་ཡོད་པའི་དམ་བཅའ་ཡོད།,
ཁྱེད་རང་མེད་པས་ང་ཡི་མི་ཚེའི་ནང་།,
ཉི་མ་མེད་པའི་མཚན་མོ་མུན་ནག་འདྲ།,
ངའི་ཕུན་ཚོགས་སྒྲོལ་མ་ལགས།,
ཁྱེད་ཡུལ་ཕྱོགས་གང་ལ་འགྲིམ་པའི་ལམ་ཁ་ན།
ཁྱེད་ཀྱི་མིག་མཐའ་མཆི་མའི་བསྐོར།,
ཐག་རིང་གི་མཛའ་མོ།ཐག་རིང་གི་སྙིང་སྡུག།,
ཁྱེད་ནི་ང་ཡི་མ་འོངས་ཚེ་གྲོགས་ཡིན།
བརྗེད་ཐབས་མེད་པའི་བཀའ་དྲིན་ཀྱི་འོག་ནས།,
སླར་ཡང་མི་ཚེ་འདིའི་ནང་མི་བྲལ་ཤོག,
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑