歌手: 亚丁·根呷 • 专辑: • 发布时间:2024-09-18
编曲 : 曲迈才让
 作词 : 洛西扎洛
 作曲 : 丹贝尖参
དུང་བ།
ཚིག ལོ་ཤུལ་བཀྲ་ནོར།
དབྱངས།བསྟན་པའི་རྒྱལ་མཚན།
ལེན་མཁན།ཡ་དེང་ཀུན་དགའ།
རོལ་མོ།གླིང་རྒྱལ་འཆི་མེད་ཚེ་རིང་།
སྒྲ་སྡེབ།བསྟན་པའི་རྒྱལ་མཚན།
གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།

ང་ཐང་དཀར་རྒོད་ལ་དུང་གི།
བྱ་མེད་ལེ་དུང་ནི་ཆེ་ཡིན།།
གཤོག་བསྒྲིགས་ན་དགུང་སྔོན་གནམ་རེད།།
འཕུར་སོང་ན་འཛམ་བུ་གླིང་རེད།།
ང་སྨོན་པའི་རྩ་བ་དེ་རེད།།

ང་ཕ་ཡུལ་ལུང་པར་དུང་གི།
གནས་མེད་ལེ་དུང་ནི་ཆེ་ཡིན།།
སྐྱིད་ཡོང་ན་ཕ་མའི་པང་རེད།།
སྡུག་འོང་ན་ཕུ་ནུའི་གམ་རེད།།
ཞེ་ཆགས་པའི་རྩ་བ་དེ་རེད།།

ང་སྨན་ཆུང་བུ་མོར་དུང་གི།
རོགས་མེད་ལེ་དུང་ནི་ཆེ་ཡིན།།
ཡག་གཤིས་ཀ་འོ་མའི་འཇམ་རེད།།
ནང་བསམ་པ་གངས་ཀྱི་དཀར་རེད།།
ཚིག་ཤོར་བའི་རྩ་བ་དེ་རེད།།
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑