妙音天女礼赞

歌手: 仁增太 • 专辑:红尘里 • 发布时间:2024-06-03
编曲 : 仁增太
༄༅། །ལྷ་མོ་དབྱངས་ཅན་མའི་བསྟོད་པ།
ཚིག རྒྱ་ཡེ་བཀྲ་བྷོ།
དབྱངས། གསང་བདག
ལེན་མཁན། རིག་འཛིན་ཐར།
གླུ་ཚིག་ཡིག་བསྒྱུར། ཀླུ་ཐར་རྒྱལ། 

ཆལ་ཆིལ་བེེཌཱུར་ཞུན་མའི་ཀློང་ལས་བྱོན། །
ཟླ་བའི་བཞིན་ལ་འཛུམ་པའི་ཟེར་མ་འཕྱོ། །        
དར་དཀར་གོས་བཟང་རླུང་བུས་གཡོ་བའི་དབུས། །
སྐུ་ཡི་ལྕུག་ཕྲན་ལྡེམ་པའི་འཇོ་སྒེག་མ། །
ཕྱག་འཚལ་གདུང་བའི་ངག་གིས་གསོལ་འདེབ་ཅིང་། །
རྩེ་གཅིག་དད་པའི་ཡིད་ཀྱིས་ཁྱེད་བསྙེན་ན། །
སྲིད་ཞིའི་མཛེས་པ་གཅིག་ཏུ་བསྡུས་པའི་གཟུགས། །
ངང་བའི་བུ་མོའི་སྐུ་ཡི་དངོས་གྲུབ་སྩོལ། །


སྙན་དགུའི་མཐར་ཐུག་ཚངས་པའི་དབྱངས་ལས་བྱོན། །
ཙོག་པུའི་སྟངས་སྟབས་ཡིད་འཕྲོག་པི་ཝང་འཛིན། །
མཉེན་ལྕུག་སོར་མོས་བསྣུན་པའི་སྐུད་པ་ལ། །
དྲི་ཟའི་དབྱངས་བདུན་རྫོགས་པའི་གླུ་མཁན་མ། །

ཕྱག་འཚལ་གདུང་བའི་ངག་གིས་གསོལ་འདེབ་ཅིང་། །
རྩེ་གཅིག་དད་པའི་ཡིད་ཀྱིས་ཁྱེད་བསྙེན་ན། །
སྲིད་ཞིའི་སྙན་པ་གཅིག་ཏུ་བསྡུས་པའི་སྒྲ།
ཚངས་པའི་བུ་མོའི་གསུང་གི་དངོས་གྲུབ་སྩོལ། །

རྒྱལ་བ་ཀུན་གྱི་ཡེ་ཤེས་ཁམས་ལས་བྱོན། །
བརྩེ་ཆེན་སྤྱན་རས་འགྲོ་བ་ཡོངས་ལ་བཙའ། །
ཚ་བའི་གདུང་འཕྲོག་བསིལ་བའི་བདེ་ལ་འགོད། །
གང་འདུལ་འཕྲིན་ལས་ལྷ་མོའི་སྐུར་བསྟན་མ། །
ཕྱག་འཚལ་གདུང་བའི་ངག་གིས་གསོལ་འདེབ་ཅིང་། །
རྩེ་གཅིག་དད་པའི་ཡིད་ཀྱིས་ཁྱེད་བསྙེན་ན། །
སྲིད་ཞིའི་ཟབ་པ་གཅིག་བསྡུས་ཆོས་ཀྱི་དབྱིངས། །
དབྱངས་ཅན་ལྷ་མོའི་ཐུགས་ཀྱི་དངོས་གྲུབ་སྩོལ། །
འདི་ནི་ན་གཞོན་འཇོན་ཐང་ཅན་རིག་འཛིན་ཐར་གྱིས་ལྷ་མོ་དབྱངས་ཅན་མ་ལ་བསྟོད་པའི་གླུ་ཚིག་ཅིག་དགོས་ཞེས་བསྐུལ་བ་བཞིན་མཚོ་ཁ་བ་རྒྱ་ཡེ་བཀྲ་བྷོ་རུ་འབོད་པས་སྤྱི་ལོ༢༠༢༤ལོའི་ཟླ༣ཚེས་༡༡ལ་ཙོང་ཁའི་སྐྱེས་རི་དང་།
 ཙོང་ལ་རིང་མོ། ཙོང་ཆུ་སོགས་ཀྱི་དགེ་མཚན་ལ་ཉེ་བར་སྤྱོད་པའི་གྲོང་ཁྱེར་ཟི་ལིང་གི་རང་ཤག་ནས་ཤར་མར་བྲིས་པ་དགེ་གྱུར་ཅིག །
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑