《 森江珠姆 》 拉日多布 让桑巴旦

歌手: 岗•拉贵 • 专辑:森江珠姆 • 发布时间:2024-10-01
作词 : 岗•拉贵
 作曲 : 岗•拉贵
 编曲 : 岗•拉贵
༼ སེང་ལྕམ་འབྲུག་མོ། ༽
གཞས་ཚིག་ ནག་སྟོད་རྒྱལ་པོ།།
གཞས་གདངས་ བཀྲ་ཤིས་ཚེ་བརྟན།།
གཞས་པ་ ལྷ་རིའི་རྡོ་པོ་ རང་གསལ་དཔལ་ལྡན།།
གཞས་ཚིག་སྒྲིག་བཟོ་འགྲེམ་སྤེལ་ སྒང་·ལྷག་རྒོད།།
གོ་ལའི་མཛེས་མའི་གཙུག་རྒྱན།།
གངས་ཅན་ནོར་བུའི་ཚེ་རོགས།།
མཛངས་མ་བརྒྱ་ཡི་གོང་མ།།
མཛེས་མ་སྟོང་གི་དྭངས་མ།།
སྐྱ་ལོའི་སེང་ལྕམ་འབྲུག་མོ།།
དབུ་ལ་གཡུ་བྱུར་ཕྲ་རྒྱན།།
………………
ལུས་ལ་དར་དམར་གོས་ཆེན།།
བློ་དང་རིག་པས་ཕྱུག་པའི།།
ཁ་བ་བོད་ཀྱི་མཛངས་མ།།
སྐྱ་ལོའི་སེང་ལྕམ་འབྲུག་མོ།།
ཡའེ་………
ཡར་བཞུགས་རྒྱལ་པོར་བརྩེ་བ།།
མར་གཏད་བློན་ལ་བྱམས་པའི།།
གཤིས་བཟང་བོད་ལ་གནང་རོགས།།
ཡའེ་………
ཡར་བཞུགས་ཕ་མར་གུས་པ།།
ན་རོགས་གྲོགས་ལ་བརྟན་པའི།།
བསོད་ནམ་བོད་ལ་གནང་རོགས།།
འགྲེམ་སྤེལ་ སྒང་·ལྷག་རྒོད།།
བོད་གཞས་གསན་པར་ཐུགས་རྗེ་ཆེ།།
དབུ་ལ་གཡུ་བྱུར་ཕྲ་རྒྱན།།
………………
ལུས་ལ་དར་དམར་གོས་ཆེན།།
བློ་དང་རིག་པས་ཕྱུག་པའི།།
ཁ་བ་བོད་ཀྱི་མཛངས་མ།།
སྐྱ་ལོའི་སེང་ལྕམ་འབྲུག་མོ།།
ཡའེ་………
ཡར་བཞུགས་རྒྱལ་པོར་བརྩེ་བ།།
མར་གཏད་བློན་ལ་བྱམས་པའི།།
གཤིས་བཟང་བོད་ལ་གནང་རོགས།།
ཡའེ་………
ཡར་བཞུགས་ཕ་མར་གུས་པ།།
ན་རོགས་གྲོགས་ལ་བརྟན་པའི།།
བསོད་ནམས་བོད་ལ་གནང་རོགས།།
滚动歌词贡献者:岗•拉贵
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑