根本上师:昂旺拉毛

歌手: 比如扎西音乐圈 • 专辑:根本上师 • 发布时间:2024-10-24
编曲 : 比如扎西音乐圈
རྩ་བའི་བླ་མ།
ཚིག  ཚེ་དབང་།
དབྱངས།  ཨ་ནུ་རིང་ལུགས་གོང་པ།
ལེན་མཁན།  ངག་དབང་ལྷ་མོ།

གནས་ཆེན་པོ་གཟེ་རྒྱལ་མདུན་ཕྱོགས་ན།།
ས་སྐྱིད་པོ་གཟེ་གཞུང་ལུང་པ་ནས།།
འབྲོང་སྦྲ་ཆེན་ཚང་ལ་སྲས་ཤིག་འཁྲུངས།།
ལོ་བདུན་པའི་ཐོག་ཏུ་ཁྲི་ལ་གསོལ།།
བླ་མ་ལགས།  བསོད་དབང་རིན་པོ་ཆེ།  ང་ཡི་རྩ་བའི་བླ་མ།

གསུང་ཡན་ལག་དྲུག་ཅུའི་ཆོས་འཆད་མཁན།།
གནད་དམ་པའི་ཆོས་ཀྱི་དཀའ་གནད་ལ།།
ཐུགས་དགོངས་ཡངས་རྟོགས་པའི་རྦ་རླབས་ཅན།།
ཉམ་ཐག་པའི་གདུལ་བྱ་འདུལ་མཁས་པ།།
བླ་མ་ལགས།   བསོད་དབང་རིན་པོ་ཆེ།  ང་ཡི་རྩ་བའི་བླ་མ།

ཁྱེད་ཕེབས་ནས་ལོ་ཟླ་དུ་མ་འགོར།།
ཁྱེད་ཕེབས་ཤུལ་དད་ལྡན་དྭ་ཕྲུག་ལུས།།
སེམས་དད་པའི་གདུང་པ་ཤུགས་དྲག་ཅིང་།།
ཁྱེད་ནམ་བྱོན་སྒུག་ནས་སྐྱོ་པའི་ཁེངས།།
བླ་མ་ལགས།   མྱུར་དུ་ཕེབས་རོགས་ཞུ།  ང་ཡི་རྩ་བའི་བླ་མ།
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑