作词 : 雪音声
作曲 : 雪音声
编曲 : 雪音声
羌堆双湖传统风情舞蹈
ཚིག། ནག་ཚང་མཚེའུ་གཉིས་ཀྱི་དམངས་ཁྲོད་།
词:那仓双湖民间
དབྱངས། ནག་ཚང་མཚེའུ་གཉིས་ཀྱི་དམངས་ཁྲོད་།
曲:那仓双湖民间
༄༅།།ཆ་ལ་འཛུམས་ཆུང།
ཁྱོད་ཚོའི་བྲོ་བ་རི་ཆེན་གཡས་ནས་ཡོང་།
ང་ཚོའི་བྲོ་བ་རི་ཆུང་གཡོན་ནས་ཡོང་། །
དར་ཤིང་ཁྲུ་གང་འཛུགས་ན་ཆ་ལ་འཛུགས། །
མཛེས་པའི་དར་ཐག་འཐེན་ན་མཉམ་དུ་འཐེན། །
ཁྱོད་ཚོའི་བྲོ་བ་ཆུ་ཆེན་གཡས་ནས་ཡོང་། །
ང་ཚོའི་བྲོ་བ་ཆུ་ཆུང་གཡོན་ནས་ཡོང་། །
མཛེས་པའི་གསེར་ཟམ་འཛུགས་ན་ཆ་ལ་འཛུགས།
ཉ་ཆུང་ལྕགས་ཀྱུས་འགུག་ན་མཉམ་དུ་འགུག།
ཁྱོད་ཚོའི་བྲོ་བ་བྲོ་རའི་གཡས་ནས་ཡོང་། །
ང་ཚོའི་བྲོ་བ་བྲོ་རའི་གཡོན་ནས་ཡོང་། །
མཛེས་པའི་རྡོག་སྒྲ་འགྲིག་ན་ཆ་ལ་འགྲིག །
སྙན་པའི་གླུ་ཆུང་ལེན་ན་མཉམ་དུ་ལེན། །
༄༅།།ང་རང་གི་ལྟ་དུས་ཁྱེད་མེད་ཡིན།
བརྒྱ་སྡེ་བས་ང་ལ་ཟེར་ལེ་ལ།།
སྤུ་ཕྲུག་ཚར་དཀར་གོས་ཆེན་གསུམ།
བརྒྱ་སྡེ་བའི་ལྟ་དུས་ཁྱེད་འདུག་ཟེར།
ང་རང་གི་ལྟ་དུས་ཁྱེད་མེད་ཡིན།།
ཆུ་འཆར་པའི་དཀྱིལ་ལ་སྤུ་ཕྲུག་བཀྲག།
ཁྲོམ་མི་དམངསདཀྱིལ་ལ་གོས་ཆེན་བཀྲག།
རླུང་བསེར་བུའི་དཀྱིལ་ལ་ཚར་དཀར་བཀྲག།
ང་རང་གི་ལྟ་དུས་ཁྱེད་མེད་ཡིན།
བརྒྱ་སྡེ་བས་ང་ལ་ཟེལ་ལེ་ལ།
རྟ་ཕོ་མཛོ་ཕོ་དྲེལ་ཕོ་གསུམ།།
བརྒྱ་སྡེ་བའི་ལྟ་དུས་ཁྱེད་འདུག་ཟེར།
ང་རང་གི་ལྟ་དུས་ཁྱེད་མེད་ཡིན།
ཁྲོམ་ཁྲ་མོའི་དཀྱིལ་ལ་འདོ་ལོ་ཁྱེར།
ས་ཐག་རིང་འགྲོ་དུས་སྨུག་ཆུང་དྲེལ།།
ཁལ་ལྗིད་པོའགེལ་དུས་ཁྱུང་དཀར་མཛོ།།
ང་རང་གི་ལྟ་དུས་ཁྱེད་མེད་ཡིན།།
༄༅།།ཡབ་ཡུམ་སྲས་གསུམ།
གངས་སྟོད་མཐོན་པོ་ཡབ་དང་གཅིག།
སེང་འཇམ་དཀར་མོ་ཡུམ་དང་གཉིས།
གཡུ་རལ་ལེ་མོ་སྲས་དང་གསུམ།
ཡབ་ཡུམ་སྲས་གསུམ་འཛོམས་པ་ལ།
རྟེན་འབྲེལ་འགྲིག་པའི་བྲོ་རེ་འཁྲབ།
སྨོན་ལམ་འགྲུབ་པའི་གླུ་རེ་ལེང།
རྫ་སྟོད་མཐོན་པོ་ཡབ་དང་གཅིག།
འབྲོང་ཆུང་འབྲི་མོ་ཡུམ་དང་གཉིས།
རུ་ཐུར་ལེ་མོ་སྲས་དང་གསུམ།
ཡབ་ཡུམ་སྲས་གསུམ་འཛོམས་པ་ལ།
རྟེན་འབྲེལ་འགྲིག་པའི་བྲོ་རེ་འཁྲབ།
སྨོན་ལམ་འགྲུབ་པའི་གླུ་རེ་ལེང།
བྲོ་སྟོད་མཐོན་པོ་ཡབ་དང་གཅིག།
བྲོ་བ་ལོ་ཆུང་ཡུམ་དང་གཉིས།
ག་གཞས་རྡོག་སྒྲ་སྲས་དང་གསུམ།།
ཁ་གཞས་དོག་གྲོ་སྲས་དང་གསུམ།
ཡབ་ཡུམ་སྲས་གསུམ་འཛོམས་པ་ལ།
རྟེན་འབྲེལ་འགྲིག་པའི་བྲོ་རེ་ཁྲབ།།
སྨོན་ལམ་འགྲུབ་པའི་གླུ་རེ་ལེན།།
作词 : 雪音声
作曲 : 雪音声
编曲 : 雪音声
羌堆双湖传统风情舞蹈
ཚིག། ནག་ཚང་མཚེའུ་གཉིས་ཀྱི་དམངས་ཁྲོད་།
词:那仓双湖民间
དབྱངས། ནག་ཚང་མཚེའུ་གཉིས་ཀྱི་དམངས་ཁྲོད་།
曲:那仓双湖民间
༄༅།།ཆ་ལ་འཛུམས་ཆུང།
ཁྱོད་ཚོའི་བྲོ་བ་རི་ཆེན་གཡས་ནས་ཡོང་།
ང་ཚོའི་བྲོ་བ་རི་ཆུང་གཡོན་ནས་ཡོང་། །
དར་ཤིང་ཁྲུ་གང་འཛུགས་ན་ཆ་ལ་འཛུགས། །
མཛེས་པའི་དར་ཐག་འཐེན་ན་མཉམ་དུ་འཐེན། །
ཁྱོད་ཚོའི་བྲོ་བ་ཆུ་ཆེན་གཡས་ནས་ཡོང་། །
ང་ཚོའི་བྲོ་བ་ཆུ་ཆུང་གཡོན་ནས་ཡོང་། །
མཛེས་པའི་གསེར་ཟམ་འཛུགས་ན་ཆ་ལ་འཛུགས།
ཉ་ཆུང་ལྕགས་ཀྱུས་འགུག་ན་མཉམ་དུ་འགུག།
ཁྱོད་ཚོའི་བྲོ་བ་བྲོ་རའི་གཡས་ནས་ཡོང་། །
ང་ཚོའི་བྲོ་བ་བྲོ་རའི་གཡོན་ནས་ཡོང་། །
མཛེས་པའི་རྡོག་སྒྲ་འགྲིག་ན་ཆ་ལ་འགྲིག །
སྙན་པའི་གླུ་ཆུང་ལེན་ན་མཉམ་དུ་ལེན། །
༄༅།།ང་རང་གི་ལྟ་དུས་ཁྱེད་མེད་ཡིན།
བརྒྱ་སྡེ་བས་ང་ལ་ཟེར་ལེ་ལ།།
སྤུ་ཕྲུག་ཚར་དཀར་གོས་ཆེན་གསུམ།
བརྒྱ་སྡེ་བའི་ལྟ་དུས་ཁྱེད་འདུག་ཟེར།
ང་རང་གི་ལྟ་དུས་ཁྱེད་མེད་ཡིན།།
ཆུ་འཆར་པའི་དཀྱིལ་ལ་སྤུ་ཕྲུག་བཀྲག།
ཁྲོམ་མི་དམངསདཀྱིལ་ལ་གོས་ཆེན་བཀྲག།
རླུང་བསེར་བུའི་དཀྱིལ་ལ་ཚར་དཀར་བཀྲག།
ང་རང་གི་ལྟ་དུས་ཁྱེད་མེད་ཡིན།
བརྒྱ་སྡེ་བས་ང་ལ་ཟེལ་ལེ་ལ།
རྟ་ཕོ་མཛོ་ཕོ་དྲེལ་ཕོ་གསུམ།།
བརྒྱ་སྡེ་བའི་ལྟ་དུས་ཁྱེད་འདུག་ཟེར།
ང་རང་གི་ལྟ་དུས་ཁྱེད་མེད་ཡིན།
ཁྲོམ་ཁྲ་མོའི་དཀྱིལ་ལ་འདོ་ལོ་ཁྱེར།
ས་ཐག་རིང་འགྲོ་དུས་སྨུག་ཆུང་དྲེལ།།
ཁལ་ལྗིད་པོའགེལ་དུས་ཁྱུང་དཀར་མཛོ།།
ང་རང་གི་ལྟ་དུས་ཁྱེད་མེད་ཡིན།།
༄༅།།ཡབ་ཡུམ་སྲས་གསུམ།
གངས་སྟོད་མཐོན་པོ་ཡབ་དང་གཅིག།
སེང་འཇམ་དཀར་མོ་ཡུམ་དང་གཉིས།
གཡུ་རལ་ལེ་མོ་སྲས་དང་གསུམ།
ཡབ་ཡུམ་སྲས་གསུམ་འཛོམས་པ་ལ།
རྟེན་འབྲེལ་འགྲིག་པའི་བྲོ་རེ་འཁྲབ།
སྨོན་ལམ་འགྲུབ་པའི་གླུ་རེ་ལེང།
རྫ་སྟོད་མཐོན་པོ་ཡབ་དང་གཅིག།
འབྲོང་ཆུང་འབྲི་མོ་ཡུམ་དང་གཉིས།
རུ་ཐུར་ལེ་མོ་སྲས་དང་གསུམ།
ཡབ་ཡུམ་སྲས་གསུམ་འཛོམས་པ་ལ།
རྟེན་འབྲེལ་འགྲིག་པའི་བྲོ་རེ་འཁྲབ།
སྨོན་ལམ་འགྲུབ་པའི་གླུ་རེ་ལེང།
བྲོ་སྟོད་མཐོན་པོ་ཡབ་དང་གཅིག།
བྲོ་བ་ལོ་ཆུང་ཡུམ་དང་གཉིས།
ག་གཞས་རྡོག་སྒྲ་སྲས་དང་གསུམ།།
ཁ་གཞས་དོག་གྲོ་སྲས་དང་གསུམ།
ཡབ་ཡུམ་སྲས་གསུམ་འཛོམས་པ་ལ།
རྟེན་འབྲེལ་འགྲིག་པའི་བྲོ་རེ་ཁྲབ།།
སྨོན་ལམ་འགྲུབ་པའི་གླུ་རེ་ལེན།།