嘎罗玛

歌手: 洛桑顿珠 • 专辑:嘎罗玛 • 发布时间:2024-11-27
作词 : 红叶
 作曲 : 昂旺扎西
ལས་ལམ་ཁའི་འགྲོ་ལམ་མ་གཅིག་རུང་།
འདང་བརྩེ་བ་སྔར་བཞིན་འགྱུར་མེད་ཡིན།
སེམས་བསམ་པ་འཁོར་སའི་དགའ་ལོ་མ།
ཁྱོད་སྐྱིད་ན་ང་ཡང་སྐྱིད།
འདང་ཆེན་གྱི་རོགས། སེམས་ནང་གི་མི།
ཁྱོད་ནམ་ཡང་བདེ་སྐྱིད་ལྡན་པར་ཤོག ཡ།
རྒྱུ་འབྱོར་པའི་གནས་བབས་མ་མཚུངས་རུང་།
སེམས་དགའ་སྡུག་ཚོར་བ་མཉམ་མྱོང་ཡིན།
འདང་བརྩེ་བ་ཟབ་སའི་སྙིང་ཉེ་མ།
ཁྱོད་དགའ་ན་ང་ཡང་དགའ།
མཛའ་མཐུན་གྱི་རོགས། ལས་དབང་གི་མི།
ཁྱོད་ནམ་ཡང་ཁ་རྗེ་མཐོ་བར་ཤོག ཡ།
ཡུལ་ལུང་པའི་ས་ཕྱོགས་མ་འདྲ་ཡང་།
གཏམ་བཟང་ངན་ཕར་བཤད་ཚུར་ལབ་ཡིན།
ཞེ་སྣང་བ་མཐུན་སའི་གཞོན་ནུ་མ།
ཁྱོད་བདེ་ན་ང་ཡང་བདེ།
འགྱུར་མེད་ཀྱི་རོགས། བརྩེ་ལྡན་གྱི་མི།
ཁྱོད་ནམ་ཡང་བསམ་དོན་འགྲུབ་པར་ཤོག ཡ།
འགྱུར་མེད་ཀྱི་རོགས། བརྩེ་ལྡན་གྱི་མི།
ཁྱོད་ནམ་ཡང་བསམ་དོན་འགྲུབ་པར་ཤོག ཡ།
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑