师生情(剪辑版)

歌手: 曲杰 • 专辑:师生情 • 发布时间:2024-12-06
作词 : 理塘纽仔
 作曲 : 久巴
དགེ་སློབ་བརྩེ་གླུ།
师生情
ཚིག་/འབྲོང་སྲས།
ལེན་མཁན/ཆོས་རྒྱལ།
དབྱངས/བཅོད་པ།
演唱:曲杰
རྫ་ཆུ་སྔོན་མོ་འབབ་སའི་རི་འདབས་ན།།
སྦྲ་ནག་གྲུ་བཞི་ནང་གི་འབྲོག་ཕྲུག་ཅིག།
རིགས་ཞེན་ལྷག་བསམ་དཀར་པོའི་ཟླ་བ་འདྲ།།
ང་ཡི་དྲིན་ཆེན་དགེ་རྒན་ཁྱེད་རང་ཡིན།།
~~~
གངས་ལྗོངས་གླུ་གར་རྒྱ་མཚོ་འཁྱིལ་ས་ན།།
མཚན་སྙན་འབྲུག་ལྟར་གྲགས་པའི་གླུ་བ་ཞིག།
སྟག་ཤར་ལང་ཚོ་མཛེས་པའི་མེ་ཏོག་འདྲ།།
ང་ཡི་དྲིན་ཆེན་དགེ་རྒན་གཅོད་པ་ཡིན།།
~~~
མེས་པོ་དམ་པའི་རིག་གཞུང་གཅེས་ས་ན།།
དབྱངས་གསལ་སོ་བཞི་གླུ་རུ་ལེན་མཁན་ཞིག།
སློབ་བུ་བྱམས་བརྩེས་སྐྱོང་བའི་ཕ་མ་འདྲ།།
ང་ཡི་དྲིན་ཆེན་དགེ་རྒན་ཁྱེད་རང་ཡིན།།
~~~
ཡིད་འོང་ལྷ་ཡི་དགའ་ཚལ་གངས་ལྗོངས་སུ།།
ལས་སྨོན་ཞིག་གིས་དགེ་སློབ་མཉམ་འཛོམས་བྱུང་།
གངས་ཅན་བོད་ལ་སྙན་པའི་གླུ་ཞིག་ལེན།།
ཁ་བ་བོད་པའི་བསམ་དོན་འགྲུབ་པར་ཤོག།
📥 下载LRC歌词 📄 下载TXT歌词

支持卡拉OK同步显示,可用记事本编辑