《希望》 旦增松益

歌手: 岗•拉贵 • 专辑:旦增松益歌曲合集(内附歌词)滚动 • 发布时间:2024-12-23
༼ རེ་བ། ༽
ཚིག་གདངས། བསྟན་འཛིན་སྲོང་ཡིད།
གཞས་པ་ བསྟན་འཛིན་སྲོང་ཡིད།
གཞས་ཚིག་བསྒྲིགས་བཟོ་འགྲེམ་སྤེལ་ སྒང་•ལྷག་རྒོད།
Verse-1
ཡེ། མིག་ཡུད་ཙམ་གཅིག་ནང།
དུས་ཚོད་རིང་པོ་དེ་འདྲས་ཕྱིན་ཚར་བཞག།
ངའི་སྔོན་མའི་རོགས་པ་རྙིང་པ་དེ་ཚོ།
ཁ་ཅིག་ག་རེ་བྱེད་ཀྱི་ཡོད་ནཱ་གང་ཞིག།
ལོ་སྟོབས་མནག་འདིའི་ནང།
མི་གསར་པ་འདྲ་མ་འདྲ་ངས་ངོ་ཤེས་བྱུང།
འཚོ་བའི་སྒང་ངས་ཉམས་མྱོང་འདྲ་མ་བསགས་ཕྱིན།
ད་ལྟ་སྣང་དག།
གཞས་ཐོག་ལ་ལས་ཞོར་གཅིག་ཡིན།
གཞས་བཏང་ཡས་མི་ནམ་རྒྱུན་གཅིག་ཡིན་ནའི།
ཁྱེད་རྣམ་ཚོས་ཡིད་ཆེས་དང་རྒྱབ་སྐྱོར་གནང་བར།
ངས་ཐུགས་རྗེ་ཆེ་ཞུ།
སེམས་ནང་ལ་མ་སྐྱིད་པའི།
གནས་ཚུལ་མང་པོ་འཁོར་ཡོང་ནའི་ལའི།
ཁྱེད་རྣམ་ཚོས་བསྐུར་པའི་ཡེ་གེ་བལྟ་དུས།
ལྷོད་པོ་ར་ཅི་འདུག།
སྐྱག་བརྫུན་མིན་གདའ།
ཐུགས་ཁུར་བྱས་པར་ཡག་བྱུང་ཨོང་ཀོག།
ཟླ་སྒྲོན་ལགས་གཞས་ཆུང་དུས་ནས།
མང་པོ་ཉན་མྱོང།
ནང་ལའི་གློད་ཀྱི་རེད།
ཁོང་གི་གཞས་འདི་ཚོ་ད་ལྟ་ཉན་དུས།
ཡོད་པ་འདི་སེམས་ནང་གི་དྲན་གསོ།
མིའི་ལུང་པར་སླེབས་བྱས་མིག་ཆུ་ཤོར་དུས།
དྲན་ཡས་འདི་ཕ་མ་དང་ནང་རེད།
ཉམ་ཆུང་ངས་མི་ཡུལ་འགྲིམས་དུས།
ཕ་ཡུལ་ཡིད་ལ་དངོས་གནས་དྲན་གྱི།
ད་ག་དུས་ནང་ལ་ལོག་ཐུབ་ཨཱ་བསམ་བྱས།
སྒུག་བྱས་བསྡད་ཡོད།
ཕ་ཡུལ་ལ་ཡོད་པའི་གྲོགས་པོ་དང་གྲོགས་མོ་ཚོ།
གཟུགས་པོར་བདག་གཅེས་གྱིས་ཨཱ།
ཐུག་སོང་ན་ང་ཚོ་ཚང་མ།
ཧ་དང་ཧུ་ཟེར་བསྡད་ཡས་ཡིན་གདའ།
Hook
གནས་མཆོག་ལ་ནི་ཁ་བ་དཀར་པོ།
བུ་ཆུང་ང་ཡི་ཕ་ཡུལ།
ཉམ་ཆུང་ལ་ནི་མི་ཡུལ་འགྲིམས་དུས།
ཕ་ཡུལ་ཡིད་ལ་དྲན་བྱུང།
Verse-2
ཁྱེད་ཚོ་ང་ཚོར་སེམས་ཁྲལ་བྱེད་མི་དགོས།
ཚང་མ་ལོགས་བདེ་པོ་ཡིན།
པཱ་ལགས་དང་ཁོང་རྣམ་ཚོ་ལྷན་རྒྱས།
སྣང་དག་མི་འདུག།
སྐྱིད་པོ་བྱས་སྡོད་ཨཱ།
ཁོང་རྣམ་པས་ག་དུས་ཡིན་ནའི་ལའི།
ཁྱེད་རྣམ་ཚོ་ཡག་པོ་ཡོད་ཅེས་གསུངས་ཀྱི།
ང་ཚོར་ཡང་ཁྱེད་རྣམ་ཚོ་སེམས་ནང་བཞག་བྱས།
འབད་བརྩོན་བྱེད་ཨཱ་གསུངས་ཀྱི།
ལོ་ག་ཚོད་ཕྱིན་ནའི་ལའི།
ང་ཚོས་ཁྱེད་ཚོ་གཅིག་ཡེ་བརྗེད་མེད།
དུས་ནམ་ཡང།
ཕར་ཚུར་ས་ཐག་གི་ཧེ་བག་ཡོད་ནའི།
མཉམ་དུ་བསྡད་ཡོད།
ཁྱེད་ཚོའི་དཀའ་ངལ་དང་སྡུག་བསྔལ།
ང་ཚོའི་སེམས་ནང་ཡོད་པའི་སེམས་ཁྲལ།
འགྱུར་ཡས་གཅིག་ཡེ་མེད་པ་འདི།
ང་ཚོའི་བར་རུ་ཡི་སྤུན་ཟླའི་འདུ་ཤེས།
འདིའི་མིང་ལ་ག་རེ་རེད།
མི་རིགས་ཀྱི་ལ་རྒྱ།
བོད་ལྷ་ལྡན་ཞིང་ཁམས་ལ་བཞུགས་པའི།
བོད་རིགས་སྤུན་ཟླ་ཡོངས་ལ་གུས་འདུད།
ང་ཚོ་དེར་བསྡད་མཁན་ཚང་མ་ལོགས་ཀྱི།
སེམས་ནང་ཡོད་པའི་སྤོབས་པ།
ཡུལ་སྲོལ་དང་གོམས་གཤིས་བོར་བརླག་མ་གཏོང།
མུ་མཐུད་རྒྱུན་འཁྱོངས་གནང་ཤོག།
སྤྱི་ཚོགས་འདི་འཁྲུག་ཐེབས་ནའི་ལའི།
མི་རིགས་ཀྱི་སྐད་འདི་གཙང་མ་ཉར་བཞུགས།
བཀའ་དྲིན་ཆེ།
སྙིང་ཁོང་རུས་པའི་གཏིང་ནས།
ཁྱེད་རྣམ་ཚོ་ལྷན་རྒྱས་ལ།
དགོངས་པ་མ་ཚོམས།
ང་ཚོས་ཕ་ཡུལ་འཛུགས་བསྐྲུན་བྱེད་ཐུབ་མ་སོང།
ཡིད་ཆེས་ཡོད།
ཕོ་བྲང་པོ་ཏ་ལའི་ཐང་སྒང་ལ།
ང་ཚོ་ཐུག་གི་རེད།
Hook
ཤར་ཕྱོགས་ལ་ནི་སྤྲིན་བཟང་དཀར་པོ།
བརྒྱབ་པའི་ལྷན་པ་མ་རེད།
ཉི་མ་ལ་ནི་སྤྲིན་པའི་འོག་ནས།
དྭངས་བའི་དུས་ཤིག་ལ་ཤར་ཡོང།
Verse-3
ཕ་ཡུལ་སྐོར་གཞས་ག་ཚོད་བཟོས་ནའི་ལའི།
སེམས་ནང་མ་རྒྱགས་པའི་བཟོ་འདྲ་ཞིག།
གཞས་ཚིག་མང་པོ་མ་འགྲིག་པར།
ད་དུང་ཟུར་དེར་ལྷག་བསྡད་པའི་བཟོ་འདྲ་ཞིག།
བཟོས་ཚར་པའི་གཞས་ཡང་སྐྱར་ཉན་དུས།
གཅིག་ནས་ཆད་བསྡད་པའི་བཟོ་འདྲ་ཞིག།
བོད་ཁ་བའི་ལྗོངས།
ངའི་ཕ་ཡུལ་བོད་ཀྱི་ཁྱད་ཆོས།
གཞན་ཡུལ་ལས་ཞེད།
མིའི་ལུང་པར་ག་འདྲས་ཡོད་ནའི།
ནང་རང་ལས་སྐྱིད་པ་མི་འདུག
ཀེག་ག་ཚོད་ཞིམ་པོ་ཡོད་ནའི་ལའི།
སྤགས་ནང་བཞིན་བཅུད་ཆེན་པོ་མི་འདུག
ཕྱི་རྒྱལ་གྱི་བོད་ཆས་གོན་ནའི་ལའི།
བོད་པ་ནང་བཞིན་ལན་པོ་མི་འདུག
ངས་བྲིས་པའི་གཞས་ཚིག་གོ་མཁན།
བོད་པའི་མི་རང་རེད་འདུག
བྱས་ཙང་བྱས།
ང་བོད་པ་ཡིན་པ་བསོད་བདེ་ཡིན།
ཚེ་འདིར་ང་བོད་པའི་མི་བྱས།
ཚེ་ཕྱི་མར་ལའི་ད་ག་རང་ཡིན་པ་ཤོག
ཕྱི་ཚན་རིག་ལག་རྩལ་ཐོག་ལ།
རྒྱབ་ལ་ལུས་པའི་མི་རིགས་ཤིག་ཡིན་ནའི།
ནང་སེམས་ཀྱི་སློབ་སྦྱོང་བྱེད་ཡས་ལ།
ནང་པའི་ཆོས་ཐོག་ང་ཚོར་ལས་གྱོང་མེད།
གཞས་འདི་མར་འབྲི་དུས།
ངའི་མིག་ནང་མིག་ཆུ་འཁོར་ནའི།
སེམས་ནང་གི་སེམས་ཤུགས་འདིས།
མུ་མཐུད་གཞས་འདི་ཚར་བ་གྱིས་ཟེར།
གལ་སྲིད་མིས་ངར་ནང་ག་ནས་ཡིན་ཞེས།
སྐད་ཆ་དྲིས་པ་ཡིན་ན།
མཐའ་ཚང་མ་གངས་རིས་བསྐོར་བའི།
བོད་ལྗོངས་འདི་ངའི་ལོག་སའི་ནང་ཡིན།

💡 相关搜索建议

正在播放: 《希望》 旦增松益
0:00 / 0:00
加载歌词中...
《希望》 旦增松益
岗•拉贵